{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྲིད་ཇུས་ཡིག་ཆ། > ནང་དོན་གྱི་ངོས།

དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་བསམ་འཆར།

དུས་ཚོད།2012--08--08--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

བོད་བརྒྱུན་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་བར་སྐུལ་བ་དང་།   དགོན་པ་རང་ངོས་ཀྱི་དོ་དམ་ཇེ་བཟང་དུ་ཡོང་བ།   དགོན་པ་ནང་ཁུལ་གྱི་དོ་དམ་དམངས་གཙོ་ཡོད་པ་དང་ལམ་ལུགས་ལྡན་པ།   ཚད་ལྡན་ཡིན་པ་བཅས་ལ་སྐུལ་བ།  དགོན་པའི་འགྲིག་ལམ་ཚུན་ལྡན་དུ་བསྐྱོང་བ་བཅས་ལ་དམིགས་ནས།   ཆོས་ལུགས་དོན་གཅོད་སྐོར་གྱི་སྲོལ་ཡིགདང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་བ་མ་ཟད།   བོད་བརྒྱུད་ནང་བསྟན་གྱི་ཆོ་ག་དང་སྦྲེལ།    དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ཇེ་ལེགས་དང་ནུས་པ་ཇེ་ཆེར་གཏོང་བའི་ཐད་གཤམ་གྱི་བསམ་འཆར་བཏོན་པ་ཡིན།

དང་པོ། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་གོ་གནས་དང་འགན་ནུས།

དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁངགཤམ་དུ་དོ་དམ་ཁང་ཞེས་འབྱུངནི་བོད་བརྒྱུན་ནང་བསྟན་དགོན་པར་རྒྱུན་བཞུགས་ཆོས་ལུགས་པས་རང་སྟེང་ནས་དོ་དམ་དང་སློབ་གསོ།       ཞབས་ཕྱི་བཅས་སྒྲུབ་པའི་གཞི་རིམ་རང་སྐྱོང་རྩ་འཛུགས་མང་ཚོགས་རང་བཞིན་ལྡན་པ་ཞིག་དང་།     དགོན་པའི་ཇུས་གཅོད་དང་བདག་གཉེར་བྱེད་པའི་ལས་ཁུངས་ཤིག་ཡིན་ལ།       བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་དགོན་པའི་ནང་ཁུལ་ལས་དོན་བདག་སྐྱོང་དང་འབྲེལ་ཡོད་སྤྱི་ཚོགས་ལས་དོན་ཐག་གཅོད་པའི་ལས་ཁུངས་འབའ་ཞིག་ཀྱང་ཡིན།  དོ་དམ་ཁང་གི་རྫོང་དང་ཤང་ངམ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་དང་ཆོས་ལུགས་དོན་གཅོད་སྡེ་ཁག་གི་སྲིད་འཛིན་འགོ་ཁྲིད་ལ་བརྟེན་ནས་དགོན་པའི་རྒྱུན་བཞུགས་ཆོས་ལུགས་པར་རང་བདག་ངང་དོ་དམ་བྱས་ཏེ།    དམངས་གཙོས་འདེམས་བསྐོ་དང་དམངས་གཙོས་ཇུས་གཅོད།    དམངས་གཙོའི་དོ་དམ།   དམངས་གཙོས་ལྟ་སྐུལ་བཅས་ལག་ཏུ་བསྟར་དགོས་པ་མ་ཟད།  ནང་བསྟན་མཐུན་ཚོགས་ཀྱིས་ཆོས་དོན་ཐད་མཛུབ་ཁྲིད་དང་ལྟ་སྐུལ་གནང་བ་དང་དུ་ལེན་དགོས།    དེའི་ལས་འགན་གཙོ་བོ་ནི།     ཏང་གི་ཆོས་ལུགས་སྲིད་ཇུས་དང་འབྲེལ་ཡོད་བཅས་ཁྲིམས་ཁྲིམས་སྲོལ་ལག་ཏུ་བསྟར་ཞིང་།     སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྤྲད་པའི་ལས་འགན་སྣ་ཚོགས་ལེགས་པོར་འགྲུབ་པ།         དགོན་པ་ནང་ཁུལ་གྱི་འགྲིག་ལམ་སྣ་ཚོགས་གཏན་ལ་འབེབས་ཤིང་།   ཆོས་ལུགས་བྱ་འགུལ་དང་བྱེད་སྒ་སྣ་ཚོགས་སྤེལ་བ་དང་།   རྒྱུ་ནོར་དང་ལྷ་རྟེན་ཆོས་གསུམ་ལ་དོ་དམ་དང་དགོན་པའི་བདེ་སྲུང་བྱ་བར་འགན་ཁུར་བ།   བླ་སྤྲུལ་ཡང་སྲིད་གོང་ཞུ་དང་སྐུ་བཙའ་བ།   ཁྲིར་བཁོད་པ།     ཡོངས་འཛིན་ཞུ་བ་སོགས་བྱ་བ་བྱེ་བྲག་པའི་འགན་ཁུར་བ། དགོན་པའི་ལས་སྣ་གཅིག་གྱུར་སྒོས་བསྐོ་བརྗེ་བདག་གསུམ་བྱེད་པ།   ཁྲི་བ་དང་མཁན་པོ་སོགས་ལས་སྣ་གཙོ་བོ་འདེམ་སྒྲིག་དང་ཞུ་མཆན་གནང་བ།       བཅད་གྲངས་ལྟར་དོ་དམ་བྱེད་པ་གཞིར་བཅོལ་ནས་གྲྭ་བཙུན་དགོན་པར་ཞུགས་པ་དང་།     སློབ་གཉེར་མཛད་པ།   ཁྲིམས་ལུགས་སློབ་གསོ་མྱོང་བ།   གནང་བ་ཞུ་བ།     ཚོགས་གྲལ་ལ་ཞུགས་པ་དང་ཕུན་པ་སོགས་ཀྱི་འགན་ཁུར་བ།   དགེ་འདུན་སྤྱིའི་གྲོས་ཚོགས་སམ་དགེ་འདུན་སྐུ་ཚབ་གྲོས་ཚོགས་བསྡུ་བ་བཅས་ཡིན།དགོན་པར་བཞུགས་པའི་བླ་སྤྲུལ་དང་གྲྭ་བཙུན་ཡོངས་དང་།  རྣམ་པ་དེ་ཚོའི་བྱ་འགུལ་ཡིན་ཕྱིན་དོ་དམ་ཁང་གི་དོ་དམ་དང་དུ་ལེན་དགོས།

གཉིས་པ།    དོ་དམ་ཁང་གི་གྲུབ་ཚུལ་དང་འགན་ཡུན།

དོ་དམ་ཁང་ནི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།   ཨུ་ཡོན་བཅས་མི་སྣ་གསུམ་ནས་བདུན་གྱིས་གྲུབ་ཅིང་།   དགོན་པ་ཆེ་ཁག་ཏུ་དོ་དམ་ཁང་གི་ལས་སྣ་དང་ལས་གནས་ཇེ་མང་དུ་བཏང་ཆོག་སྤྱིར་ཁོངས་མིའི་འགན་ཡུན་ལོ་གསུམ་ནས་ལྔ་ཡིན་ལ།   བསྐྱར་འདེབས་བྱས་ཚེ་ལས་འགན་མུ་མཐུན་དུ་ཁུར་ཀྱང་ཆོག  གནས་ཚུལ་ཁྱད་པ ར་ཅན་བྱུང་ན་སྐབས་བརྗེ་བའི་སྔ་གཞུག་བསྣུར་ཆོག    དོ་དམ་ཁང་གི་ཁོངས་མི་ལ་གཤམ་གྱི་ཆ་རྐྱན་ཚང་དགོས་ཏེ།   རྒྱལ་གཅེས་ཆོས་གཅེས་དང་སྒྲིག་སྲོང་ཁྲིམས་བརྩི།   སྡོམ་ཁྲིམས་གཙང་ཞིང་སྤྱོད་ལམ་ཡག་པ།      མཁས་བཙུན་བཟང་བའི་ཡོན་ཏན་ལྡན་ཞིང་བསླབ་པ་གསུམ་ལ་ཉམས་ལེན་མི་དམན་ཞིང་མཚན་སྙན་ཆེ་བ།  དོ་དམ་གྱི་ནུས་པ་ལྡན་ཞིང་དགུང་གྲངས་བཅོ་བརྒྱད་སོན་པ།  རྒྱུན་དུ་དགོན་པར་བཞུགས་ཤིང་བྱ་བར་སྤྱི་སེམས་ལྡན་ཞིང་བརྩོན་སེམས་མངའ་བ་བཅས་ཡིན་དགོས།   ལྷག་པར་རྒྱལ་གཅེས་ཆོས་གཅེས་དང་།   རྟོགས་པ་མཐོ་མང་ཚོགས་ཀྱིས་དད་འདུན་ཆེ་བའི་བླ་སྤྲུལ་དང་ཡོངས་འཛིན།   མཁན་པོ་སོགས་དོ་དམ་ཁང་གི་འགོ་ཁྲིད་ཚན་ཁག་ཏུ་ཚུན་པར་བྱས་ཏེ།  དོ་དམ་ཁང་གི་འགོ་ཁྲིད་ཚན་ཁག་ལ་དབང་ནུས་ལེགས་པོ་ཡོད་པ་དང་།      ནང་ཁུལ་ཏུ་དོ་དམ་བྱེད་ནུས་ཇེ་མཐོར་གཏོང་དགོས།

དོ་དམ་ཁང་གི་ཁོངས་མི་བརྗེ་བ་དང་བཀོད་སྒྲིག     འོས་སྦྱོང་།       འདེམ་བསྐོ་བཅས་བྱེད་སྐབས།   ངེས་པར་དུསྡེ་དམངསསྡོད་དམངསཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅས་ཁྲིམསདང་འབྲེལ་ཡོད་དགོངས་དོན་གཞིར་བཟུང་དགོང་ཤིང་།        རྫོང་དང་ཤང་ངམ་གྲོང་རྡལ་གྱི་སྲིད་གཞུང་གི་འགོ་ཁྲིད་ལ་བརྟེན་ནས་གདན་ས་ཁག་གི་དགེ་འདུན་སྤྱིའི་གྲོས་ཚོགས་སམ་དགེ་འདུན་སྐུ་ཚབ་གྲོས་ཚོགས་སྟེང་དམངས་གཙོའི་གྲོས་འདོན་དང་འདེམ་བསྐོ་བྱས་ཏེ་ཆོས་སྡེ་ཐོ་འགོད་དོ་དམ་ལས་ཁུངས་སུ་ཐོ་འགོད་བྱེད་དགོས། དགོན་པ་ཆེ་ཁག་གི་དོ་དམ་ཁང་གི་ཁོངས་མི་འདེམ་སྒྲིག་གྲོས་འདོན་བྱ་བ་དེ་རྫོང་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱེད་དགོས་ལ།  ཞིང་ཆེན་དང་ཁུལས་གནས་སམ་གྲོང་ཁྱེརཆོས་ལུགས་ལས་དོན་དང་དམངས་སྲིད་སྡེ་ཁག་གི་མི་སྣ་ཞུས་ནས་མཛུབ་སྟོན་དང་ལྟ་སྐུལ་བྱས་ཀྱང་ཆོག

དོ་དམ་ཁང་གི་ཁོངས་མི་བརྗེ་བ་དང་བཀོད་སྒྲིག   འོས་སྦྱོར།   འདེང་བསྐོ་བཅས་བྱེད་སྐབས།   ངེས་པར་དུསྡེ་དམངས་སྡོད་དམངསཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅས་ཁྲིམསདང་འབྲེལ་ཡོད་དགོངས་དོན་གཞིར་བཟུང་དགོས་ཤིང་། རྫོང་དང་ཤང་ངམ་གྲོང་རྡལ་གྱི་སྲིད་གཞུང་གི་འགོ་ཁྲིད་ལ་བརྟེན་ནས་གདན་ས་ཁག་གི་དགེ་འདུན་སྤྱིའི་གྲོས་ཚོགས་སམ་དགེ་འདུན་སྐུ་ཚབ་གྲོས་ཚོགས་སྟེང་དམངས་གཙོའི་གྲོས་འདོན་དང་འདེམ་བསྐོ་བྱས་ཏེ་ཆོས་སྡེ་ཐོ་འགོད་དོ་དམ་ཁང་གི་ཁོངས་མི་འདེབ་སྒྲིག་གྲོས་འདོན་བྱ་བ་དེ་རྫོང་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱེད་དགོས་ལ།   ཞིང་ཆེན་དང་ཁུལ་ས་གནས་སམ་གྲོང་ཁྱེརཆོས་ལུགས་ལས་དོན་དང་དམངས་སྲིད་སྡེ་ཁག་གི་མི་སྣ་ཞུས་ནས་མཛུབ་སྟོན་དང་ལྟ་སྐུལ་བྱས་ཀྱང་ཆོག

དགོན་པར་གྲྭ་ཚང་ཡོད་ན།           ཆོས་སྡེའི་སྔར་ཡོད་རྩ་འཛུགས་དག་དོ་དམ་ཁང་ལ་སྒྲིལ་བ་དང་།   ལས་སྣའི་ལས་འགན་དང་དོ་དམ་ཁང་གི་ཁོངས་མིའི་ལས་འགན་རྣམས་ཕན་ཚུན་མཉམ་སྒྲིག་དང་འཐུས་ཚང་དུ་བཏང་ནས།   སྲོལ་རྒྱུན་རྩ་འཛུགས་དང་དོ་དམ་ཁང་གཉིས་ལེགས་པོར་སྦྲེལ་ཞིང་རུང་མཐུན་གཅིག་གྱུར་ཡོང་བར་བྱས་ཏེ།  དགོན་པའི་དོ་དམ་ལེགས་པོ་དང་ལུགས་མཐུན།  གོ་རིམ་ལྡན་པ།   ནུས་པ་ཡོད་པ་བཅས་ལ་ཁག་ཐེག་བྱེད་དགོས།བོད་བརྒྱུན་ནང་བསྟན་གྱི་ཕྱག་ལེན་དང་དགོན་སྡེ་སོ་སོའི་གནས་ཚུལ་ལྟར་དོ་དམ་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་སོགས་ལ་ཆ་རྐྱེན་ཚང་ཚེ་དགེ་འདུན་སྤྱིའི་གྲོས་ཚོགས་སམ་དགེ་འདུན་སྐུ་ཚབ་གྲོས་ཚོགས་ཀྱིས་འདེབ་སྒྲིག་འོས་སྦྱོར་གནང་བ་བརྒྱུད།      ཁྲི་བའམ་མཁན་པོ་དང་སྤྱི་གཉེར་སོགས་ལ་གདན་ཞུ་བསྐོ་འཇོག་བྱས་ཆོག་ལ།   དོ་དམ་ཁང་གི་ཁོངས་མི་བཀོད་སྒྲིག་བྱེད་སྐབས་ཀྱང་ཆ་རྐྱེན་ལྡན་པའི་ཁྲི་བའམ་མཁན་པོ་དང་དགེ་སྐོས།   སྤྱི་གཉེར་སོགས་ཀྲུའུ་རིན་ནམ་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་ལ་དམིགས་སུ་བཀར་ནས་འདེམ་འོས།   དོ་དམ་ཁང་གིས་དགོན་པའི་ལས་སྣ་གཙོ་བོ་དག་ཞུ་དུས་ས་དེ་གའི་ནང་བསྟན་མཐུན་ཚོགས་འཐད་པ་བྱུང་རྗེས།   དགོན་པའི་དོ་དམ་ཁང་རང་ངོས་ནས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་དོན་གཅོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།   དགོན་སྡེ་ཆེ་ཁག་གི་མཁན་ཁྲི་ནིཆོས་ལུགས་བྱེད་སྒོ་སྤེལ་སའི་ལས་སྣ་གཙོ་བོ་འགན་བསྐོ་ཐོ་འགོད་སྙན་སེང་བྱ་ཐབསདང་འབྲེལ་ཡོད་གཏན་འབེབས་ལྟར།   ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྐྱོང་འོག་དོ་དམ་ཁང་གིས་འདེམ་སྒྲིག་འོས་སྦྱོང་བྱེད་དགོས་པ་མ་ཟད།   ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་དོན་གཅོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།  དགོན་སྡེ་ཆེ་ཁག་གི་དོ་དམ་ཁང་གིས་དགོན་མཁོ་ལྟར་བློ་འདྲི་ས་འམ་ཡང་ན་གྲས་ཞུ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་།   བླ་སྤྲུལ་དང་མཁན་ཟུར།   དགེ་བཤེས།   རྒན་པ་སོགས་སྐྱེས་ཆེན་ཁག་ཞུས་ནས་བློ་འདྲི་སའམ་གྲོས་ཞུ་མིང་བཏགས་ཀྱི་འགན་བཞེས་པ་དང་།  དགོན་པ་ཆུང་འབྲིང་དག་གིས་དགོན་པ་རང་གི་བླ་སྤྲུལ་དང་མཁན་ཟུར་སོགས་མཚན་འཛིན་ཚོགས་གཙོའམ་གྲོས་ཞུ་ཨུ་ཡོན་ལ་ཞུ་ཆོག་དགོས་པའི་དོན་བྱ་གལ་ཆེན་དག་ཐག་གཅོད་དུས་མཚན་འཛིན་ཚོགས་གཙོ་དང་བློ་འདྲི་ཨུ་ཡོན།   གྲོས་ཞུ་མིང་བཏགས་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱ་དགོས།

གསུམ་པ།   དོ་དམ་ཁང་ནང་ཁུལ་གྱི་ལས་ཤག་དང་དེའི་འགན་ནུས།

དགོན་སྡེ་ཆེ་ཁག་གི་དོ་དམ་ཁང་དུ་སྤྱིར་བྱ་བའི་དགོན་མཁོ་ལྟར་གཞུང་ལས་ཁང་དང་ཆོས་དོན་ཁང་། གྲྭ་བཙུན་ཁང་།  ནོར་དོན་ཁང་།   སྤྱི་གཉེར་ཁང་།   བདེ་སྲུང་ཁང་སོགས་ནང་ཁུལ་གྱི་ལས་ཤག་འཛུགས་དགོས།དོ་དམ་ཁང་གི་ཁོངས་མིས་ནང་ཁུལ་ལས་ཤག་འཛུགས་དགོས།   དོ་དམ་ཁང་གི་ཁོངས་མིས་ནང་ཁུལ་ལས་ཤག་དག་གི་ལས་འགན་གཅིག་ལྕོགས་སུ་བཞེས་ཆོག  གཞུང་ལས་ཁང་གིས་བྱ་བ་སྣ་འདུས་ཐག་གཅོད་དང་ཕྱི་ནང་ལ་འབྲེལ་གཏུག་མཐུན་སྦྱོར་བྱེད་དགོས།  ཆོས་དོན་ཁང་གིས་ཆོས་སྒོ་སྤེལ་བ་དང་སློབ་གཉེར་རྩོད་རྒྱུགས་སོགས་ལ་འགན་ཁུར་བ་མ་ཟད།   ཁྲིམས་ལུགས་སློབ་གསོ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་སློབ་གསོའི་འགན་ཡང་ཁུར་དགོས། གྲྭ་བཙུན་ཁང་གིས་བླ་སྤྲུལ་དང་གྲྭ་བཙུན་ལ་རྒྱུན་པར་དོ་དམ་བྱེད་པ་དང་།    འདུལ་ཁྲིམས་དང་བཅའ་ཡིག   སྒྲིག་ལམ་བཅས་ལག་བསྟར་དངོས་འབེབ་ཡོང་བའི་འགན་འཁུར་དགོས་པ་མ་ཟད།   གྲྭ་བཙུན་དགོན་པར་ཞུགས་པར་ཞིབ་བཤེར་དང་དཔྱད་ཞིབ།   ཚོགས་ཞུགས་ཐོ་ཡིག་དང་སློབ་གཉེར་གྱི་འཁྲོལ་འཛིན་ལམ་ལུགས་ལག་ཏུ་བསྟར་བ་བཅས་བྱེད་དགོས།   ནོར་དོན་ཁང་གིས་རྩིས་གཉེར་བྱ་བའི་འགན་ཁུར་དགོས།  སྤྱི་གཉེར་ཁང་གིས་དགོན་པའི་གཉེར་ལས་དང་རྒྱུ་རྫས་སོགས་དོ་དམ་གྱི་འགན་ཁུར་ཏེ།   དགོན་པའི་རང་ཁ་རང་གསོ་དང་ལྗང་འགྱུར།   རྟེན་བཞིངས་དང་ཞིག་གསོ་བཅས་ལེགས་པོར་སྒྲུབ་དགོས།   བདེ་སྲུང་ཁང་གིས་དགོན་པ་སྤྱི་དང་ལྷ་ཁང་སོ་སོའི་བདེ་འཇགས་དང་མེ་འགོག་བྱ་བར་འགན་ཁུར་དགོས། འཆད་ཉན་གྲྭ་ཚང་ཡོད་པ་དང་གྲྭ་བཙུན་མང་བའི་གདན་ས་ཆེ་ཁག་ཏུ་དོ་དམ་ཁང་གི་འགོ་ཁྲིད་གཅིག་གྱུར་འོག་གྲྭ་ཚང་གི་དམངས་གཙོ་དོ་དམ་ཚན་ཆུངགཤམ་དུ་དོ་དམ་ཚན་ཆུང་ཞེསའབྱུངབཙུགས་ནས།   དགོན་པའི་དོ་དམ་གི་གཞི་རིམ་རྩ་འཛུགས་མ་ལག་རྒྱ་བསྐྱེད་པ་དང་།        འབྲེལ་བ་དམ་ཞིང་སྒྲིག་གཞི་འོས་ཤིང་འཚམ་པ་དང་།     རིམ་པ་གཅིག་གིས་གཅིག་འཛིན་པ་དང་།     རིམ་པ་རེ་རེས་དངོས་འབེབ་ཡོང་བའི་དམངས་གཙོའི་དོ་དམ་ལམ་ལུགས་ཤིག་ཆགས་སུ་འཇུག་དགོས།       གྲྭ་ཚང་ལ་མི་གྲངས་ཅུང་མང་ན་དེའི་དོ་དམ་ཚན་ཆུང་ནི་དགོན་པའི་དོ་དམ་ཁང་གི་ལས་ཤག་སྒྲིག་སྟངས་ལ་དཔེ་བྱས་ནས་དེ་མཐུན་གྱི་ནང་ཁུལ་ལས་ཤག་འགའ་ཞིག་འཛུགས་པ་དང་།དོ་དམ་ཚན་ཆུང་གི་ཁོངས་མིས་གྲྭ་ཚང་ཁྲི་བ་དང་། ཡོངས་འཛིན།ད གེ་སྐོས། དབུ་མཛད། སྤྱི་གཉེར་སོགས་ལས་སྣ་སོ་སོའི་འགན་གང་འཚམ་རེ་གཅིག་ལྕོགས་སུ་འཁུར་བ་དང་།གྲྭ་ཚང་དོ་དམ་ཚན་ཆུང་དང་དགོན་པའི་དོ་དམ་ཁང་གི་ནང་ཁུལ་ལས་ཤག་ལ་རིམ་པར་འགན་དང་ལེན་བྱས་པ་ལས།ལས་ཤག་སྒྲིག་སྟངས་དང་འགན་ནུས།  ཁོངས་མི་བཀོད་སྒྲིག་སོགས་ཀྱི་ཐད་དགོན་པའི་དོ་དམ་ཁང་དང་ཕལ་ཆེར་མཐུན་ཏེ་ནང་ཁུལ་དོ་དམ་ཆ་ཚང་ཞིང་མ་ལག་ཚང་བ་ཞིག་གྲུབ་དགོས།  གྲྭ་ཚང་གི་འཛིན་གྲྭ་སོ་སོར་དགེ་རྒན་གཅིག་འཇོག་དགོས་པར་མ་ཟད། འཛིན་གྲྭའི་སྐྱོར་དཔོན་བསྐོར་ནས་དཔེ་ཆ་པའི་དུས་རྒྱུན་གྱི་འཚོ་བ་སྐྱོང་བ་དང་། རང་འཛིན་གྲྭའི་ཆོས་དོན་དང་འཚོ་བ།  བདེ་འཇགས་སོགས་ཀྱི་བྱ་བ་སྒྲུབ་དགོས།   དམངས་གཙོ་དོ་དམ་ཁང་གི་གྲྭ་བཙུན་ཁང་དང་དམངས་གཙོ་ཚན་ཆུང་གིས་འཛིན་གྲྭའི་ཀྲུའུ་རིན་དང་སྐྱོར་དཔོན་གྱི་བྱ་བ་དོ་དམ་དང་མཛུན་སྟོན།   ལྟ་སྐུལ་བཅས་བྱེད་དགོས།

བཞི་བ།    དོ་དམ་ཁང་ནང་ཁུལ་གྱི་དོ་དམ་ལམ་ལུགས།

དོ་དམ་ཁང་གིས་དམངས་གཙོ་གཅིག་སྡུད་དང་ལས་བགོས་ཟུང་འབྲེལ་སྒོས་བྱ་བ་སྒྲུབ་ལུགས་ལག་བསྟར་དགོས།       དོ་དམ་ཁང་གི་ཀྲུའུ་རིན་གྱིས་བྱ་བ་ཡོངས་ལ་འགན་བཞེས་པ་དང་།   ཕྱི་ཕྱོགས་སུ་དགོན་པའི་ཚབ་བྱེད་པ་དང་།   ནང་ཁུལ་དུ་ཆོས་དོན་དང་བྱ་བ་སྣ་ཚོགས་ལ་འགན་འཁུར་དགོས།   ཀྲུའུ་རིན་གཞོན་པ་དང་ཁོངས་མི་སོ་སོས་རང་ཉིད་ཀྱི་ལས་བགོས་ལྟར་བྱ་བར་འགན་འཁུར་བ་མ་ཟད།     ཀྲུའུ་རིན་ལ་རམ་འདེགས་དང་བཅས་མཉམ་དུ་བྱ་བ་མཐའ་དག་ལེགས་པོར་བསྒྲུབ་དགོས།      དོ་དམ་ཁང་གིས་རང་གི་འགན་ནུས་ལྟར་དགོན་པའི་དོན་བྱ་ཆེ་རིགས་“དོན་རེར་གྲོས་རེ”བྱེད་ལུགས་ལྟར་དོ་དམ་ཁང་གི་གྲོས་ཚོགས་བསྡུས་ཏེ་ཐུན་མོང་གིས་ཆབས་ཅིག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།      དོ་དམ་ཁང་གིས་རིགས་གཞུང་དང་སྲིད་ཁྲིམས་སློབ་སྦྱོང་།     གྲྭ་བཙུན་དོ་དམ    བདེ་འཇགས་སྲུང་སྐྱོབ།      མེ་འགོག   འཕྲོད་བསྟེན།   དགོན་དོན་སྤྱི་བསྒྲགས།   ནོར་དོན་སྤྱི་བསྒྲགས་སོགས་ནང་ཁུལ་གྱི་དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  དོ་དམ་ཁང་གི་ཐུན་མོང་འགོ་ཁྲིད་དང་གྲོས་མོལ།  ཚོགས་འདུ། ལས་བགོས་དང་དེའི་སྒྲིག་ལུགས།   སློབ་གཉེར།   ཚོགས་ཞུགས། ཕྱག་ཡིག  དགོངས་ཞུ་སོགས་ཀྱི་ལམ་ལུགས་ལག་ལེན་དངོས་འབེབས་བྱས་ནས། འགྲིག་ལམ་ལྟར་བྱ་བ་གཟབ་ནན་དུ་བསྒྲུབ་དགོས།   དོ་དམ་ཁང་གིས་གྲྭ་བཙུན་ཡོངས་ཀྱི་ཁེ་ཕན་ལ་འབྲེལ་ཞིང་ཀུན་གྱིས་ཐུགས་ཁུར་གནང་བའི་གནས་ཚུལ་སོ་སོ་སྒྲིག་དགོས་པ་མ་ཟད།གནས་ཚུལ་བསྒྲགས་པ་ཡང་དག་དྲང་བདེན་ཡིན་པར་ཁག་ཐེག་བྱས་ཏེ།  དགོན་པའི་གྲྭ་བཙུན་ཡོངས་ཀྱི་འདྲི་དཔྱིད་དང་དུ་ལེན་དགོས།     དེ་ནས་ནོར་དོན་དང་འབྲེལ་བའི་གནས་ཚུལ་ཉུང་མཐར་ཡང་ལོ་རེར་ཐེངས་རེ་བསྒྲགས་ཏེ།གྲྭ་བཙུན་ཡོངས་ཀྱི་ལྟ་སྐུལ་དང་དུ་ལེན་དགོས།  དགོན་པར་ཡོང་སྒོ་མང་ཞིང་ཆ་རྐྱེན་ལྡན་ན་རྩིས་གཉེར་པ་ལས་སྣེ་ཐོབ་ཐང་ཅན་གདན་ཞུ་བྱས་ཏེ་དགོན་པའི་རྩིས་གཉེར་བྱ་བ་སྒྲུབ་ཏུ་འཇུག་དགོས། དོ་དམ་ཁང་གིས་དགོན་པ་དོ་དམ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་དུས་ལྟར་ཞིབ་འཇུག་བྱེད་དགོས་ཤིང།   རང་འགུལ་སྒོས་སྤྱི་ཚོགས་ཀྱི་ལྟ་རྟོག་དང་དུ་ལེན་པ་དང་།ལེགས་བཅོས་བྱེད་ཐབས་བཏོན་ཏེ།རྒྱུན་མི་ཆད་པར་བྱ་བ་ཇེ་ལགས་སུ་གཏོང་དགོས།

ལྔ་བ། དགེ་འདུན་སྤྱིའི་གྲོས་ཚོགས་སམ་དགེ་འདུན་སྐུ་ཚབ་གྲོས་ཚོགས།

དགོན་པ་དུས་ཆད་ཡོད་མེད་གང་འཚམ་སྒོས་དགེ་འདུན་སྤྱིའི་གྲོས་ཚོགས་བསྡུ་དགོས་པ་དང་།   དགེ་འདུན་སྤྱིའི་གྲོས་ཚོགས་དེར་རང་དགོན་པའི་བླ་སྤྲུལ་དང་གྲྭ་བཙུན་ལོ་བཅོ་བརྒྱད་ཡན་ཆད་ཞུགས་དགོས།   དགོན་པར་མི་གྲངས་ཅུང་མང་ན་དགེ་འདུན་སྐུ་ཚབ་གྲོས་ཚོགས་བསྡུ་ཚོག་ལ། གྲྭ་ཤག་ལྔ་ནས་བཅོ་ལྔ་དང་།    བླ་སྤྲུལ་གྱི་ནང་ཆེན་རེའི་ནང་ནས་རྒྱུན་བཞུགས་གྲྭ་བཙུན་གྱི་སྐུ་ཚབ་རེ་འདེམས་པའམ།     ཡང་ན་གྲྭ་ཚང་དང་ཚན་ཆུང་སོ་སོ་ནས་སྐུ་ཚབ་འགའ་རེ་འདོམ་དགོས།  དགེ་འདུན་སྤྱིའི་གྲོས་ཚོགས་སམ་སྐུ་ཚབ་གྲོས་ཚོགས་དེ་དགོན་པའི་དོ་དམ་ཁང་གིས་བསྡུ་དགོས་ལ།   དགེ་འདུན་སྤྱིའི་གྲོས་ཚོགས་ལ་དགོན་པའི་གྲྭ་བཙུན་ལོ་བཅོ་བརྒྱད་ཡན་ཆད་ཡོངས་ཀྱི་ཕྱེད་ཀ་ལས་མང་བ་ཞུགས་དགོས་པ་དང་།  ཡང་ན་རང་དགོན་གྱི་གྲྭ་ཤག་སུམ་ཆའི་གཉིས་ཡན་ནས་སྐུ་ཚབ་རེ་ཞུགས་དགོན་པ་དང་།གྲོས་ཆོས་ཞིབ་འཇུག་སོང་ན་ཚོགས་ཞུགས་མི་སྣའི་ཕྱེད་ཀ་ཡིན་འཐད་འབྱུང་དགོས།         དགེ་འདུན་སྤྱིའི་གྲོས་ཚོགས་སམ་སྐུ་ཚབ་གྲོས་ཚོགས་ཆེས་ཉུང་ནའང་ལོ་རེར་ཐེངས་རེ་འཚོགས་དགོས།

གདན་ས་ཆེ་ཁག་གམ་དགོན་པ་དེ་སྔ་རྒན་པ་འཚོགས་ལུགས་ཡོད་ན།དགེ་འདུན་སྤྱི་ཚབ་གྲོགས་ཚོགས་བསྡུ་ཆོག་ལ།རྒན་པ་དང་།      ས་ཕྱོགས་དང་གྲྭ་ཚང་ཁག་གི་སྐུ་ཚབ་གྲོས་ཚོགས་དེའི་ཁོངས་མི་གཙོ་བོ་ཡིན།དགོན་པ་རང་སྟོང་གི་སྐུ་ཚབ་ནི་གྲོས་ཚོགས་དེའི་ཁོངས་མི་གཙོ་བོ་ཡིན།   དགོན་པ་རང་སྟོང་གི་ལམ་ལུགས་གཏན་འབེབ་དང་བཟོ་བཅོས། རྟེན་བཞེངས་དང་ཞིག་གསོ། གཟིམ་ཤག་བགོ་བ་དང་བཀོལ་སྤྱོད།    བླ་སྤྲུལ་ཡང་སྲིད་འཚོལ་བ།   ཁྲི་བ་སོགས་ལས་སྣ་གཙོ་བོ་འདེམ་བསྐོ་དང་ཞུ་མཆན་འགོད་པ།གྲྭ་བཙུན་གྱི་བཅད་གྲངས་གཏན་འབེབ།འཚོ་རྟེན་བགོ་སྐལ་གཏོང་བ།ཐུན་མོང་གི་ཡོང་འབབ་བགོ་བ།   སྤྱི་ཕན་ལས་གཞིའི་མ་དངུལ་བསྡུ་རུང་།    དཔེ་ཆ་པ་མངགས་གཏོང་དང་བསྡུ་ལེན་སོགས་བྱེད་དུས།   དོ་དམ་ཁང་གིས་དགེ་འདུན་སྤྱིའི་གྲོས་ཚོགས་སམ་དགེ་འདུན་སྐུ་ཚབ་གྲོས་ཚོགས་ཀྱི་བསམ་འཆར་ཞུ་དགོས།

དྲུག་པ།   བླ་སྤྲུལ་ལ་སློབ་གསོ་དང་དོ་དམ་བྱེད་པ།

བོད་བརྒྱུན་ནང་བསྟན་གྱི་ཆོ་ག་ཕྱག་ལེན་དངབོད་བརྒྱུན་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབསལྟར་ཡང་སྲིད་བཙན་བ་དང་ངོས་འཛིན། སྐུ་ཐག་བཅད་པ་བཅས་ཀྱི་རྗེས་སུསྤྲུལ་སྐུའི་དཔང་ཡིགཐོབ་པ་ན། ད་བཟོད་བླ་སྤྲུལ་གྱི་ཡང་སྲིད་གང་དེ་རང་དགོན་དུ་ཁྲི་ལ་མངའ་གསོལ་ཆོག་པ་མ་ཟད།   དོ་དམ་ཁང་གིས་དོ་དམ་གྱི་འགན་འཁུར་དགོས།

སྤྲུལ་སྐུར་ཡོངས་འཛིན་ཞུ་བ་དང་ཆོས་སྒོར་ཞུགས་པ།    འཆད་ཉན་དང་གསབ་སྦྱོང་།   ཉམས་ལེན་གནང་བ་སོགས་ལ་ངེས་པར་དུ་དོ་དམ་ཁང་གིས་གཅིག་གྱུར་སྒོས་བཀོད་སྒྲིག་དང་དོ་དམ་གནང་དགོས།        བླ་སྤྲུལ་གཅིག་གིས་དགོན་ཁ་གཉིས་སམ་འགར་ལས་སྣའི་འགན་འཁུར་ན་ངེས་པར་དུ་འགན་བཞེས་སའི་དགོན་པའི་དོ་དམ་ཁང་གིས་གདན་ཞུ་འམ་ཡིད་འབྱུང་དགོས་པ་མ་ཟད།  རྫོང་རིམ་པ་ཡན་གྱི་ནང་བསྟན་མཐུན་ཚོགས་འཐད་དགོས་ལ་རིམ་པ་གོང་མའི་ཆོས་ལུགས་དོན་གཅོད་སྡེ་ཁག་ནས་ཐོ་འགོད་སྙན་སེང་བྱ་དགོས།    བླ་སྤྲུལ་གྱི་ཆོས་ལུགས་བྱེད་སྒོ་འཛིན་སྐྱོང་དང་རྩ་འཛུགས་བྱེད་པ་དང་།དེ་ལ་ཞུགས་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲོད་ཇུས་བརྩི་སྲུང་བྱས་ཏེ།   མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་།  ས་གནས་སྲིད་གཞུང་དང་དོ་དམ་ཁང་ལ་རམ་འདེགས་གནང་ནས་མང་ཚོགས་ཀྱི་བྱ་བ་སྒྲུབ་དགོས།

སྲིད་གཞུང་གི་ཆོག་མཆན་མ་བཀོད་པའི“སྤྲུལ་སྐུའི་ཡང་སྲིད”ཡིན་ཕྱིན་ཁྲི་སྟོན་བྱེད་མི་ཆོག་ལ།སྐུ་ཕྲེང་གོང་མའི་སྒར་ཁ་དང་རྒྱུ་ནོར་ཀྱང་རྒྱུད་འཛིན་བྱེད་མི་ཆོག་པ་དང་།   བླ་སྤྲུལ་གྱི་ཐོབ་ཐང་མིང་དུ་བཟུང་ནས་རིམ་གྲོ་སྒྲུབ་པ་དང་ཆོས་སྒོ་སྤེལ་མི་རུང་ལ།ཆོས་ལུགས་ཚོགས་པ་སོགས་སུ་ལས་གནས་ཀྱང་འཁུར་མི་ཆོག      བླ་སྤྲུལ་གྱི་ཉེ་དུ་ལ་སོགས་པའི་ཁྱིམ་པ་བ་རྣམས་རབ་བྱུང་ཕོ་མོའི་སྡེ་ནས་ཡན་རིང་དུ་སྡོད་མི་ཆོག་ལ།   བླ་སྒར་དང་དོ་དམ་ཁང་གི་ལས་ཀར་ཞུགས་པ་དང་ཐེ་གཏོགས་བྱེད་པ་ཡང་མི་རུང་ཞིང་།དགོན་པ་ཐུན་མོང་ལ་དབང་བའི་ས་ཐོག་ནས་སྡོད་ཁང་ཡང་བསྐྲུན་མི་ཆོག

                                 མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའུ་ནསཐམ་ག

                                ༢༠༠༨ལོའི་ཟླ༡༠པའི་ཚེས༡༧ཉིན།

 

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།