{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྲིད་ཇུས་ཡིག་ཆ། > ནང་དོན་གྱི་ངོས།

སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར།

དུས་ཚོད།2012--08--08--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།qhsmzw-zwགཏགཐེངས།
བོད་ཡིག་པར་ངོས།

མཚོ་སྲིད་གཞུང[2011]61པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར་དཔར་འགྲེམ་གྱི་བརྡ་སྦྱོར།

 ཟི་ལིང་གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང༌། མཚོ་ཤར་སྲིད་འཛིན་ཀུང་ཧྲུའུ། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང༌། ཐིན། ཅུའུ་སོ་སོ་བཅས་ལ།

སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆརལ་ཞིང་ཆེན་སྲིད་གཞུང་གིས་ཡིད་འཐད་བྱུང་ཞིང༌། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱེད་རྒྱུ་ཡིན་པས། དོན་དངོས་དང་ཟུང་དུ་འབྲེལ་ཏེ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་མཁྱེན།

                                           ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན།

 

སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་ཞིང་ཆེན་སྐབས་བཅུ་གཅིག་པའི་དམངས་ཆེན་ཚོགས་འདུ་ཐེངས་བཞི་བའི་དགོངས་དོན་དངོས་འབབ་བྱེད་པ་དང༌།སྐྱེ་ཁམས་ཀྱིས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་ལ་ནན་ཏན་གྱིས་སྐུལ་འདེད་བྱེད་པ། རང་ཞིང་གི་རྩྭ་ས་ཕྱུགས་ལས་རྒྱུན་མཐུད་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་ཆེད།    ཞིང་ཆེན་སྲིད་གཞུང་གི་ཡིད་འཐད་བྱུང་བ་བརྒྱུད་ནས།    ད་ལྟ་སྐྱེ་ཁམས་ཕྱུགས་ལས་འཛུགས་བསྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པར་གཤམ་གྱི་བསམ་འཆར་འདི་དག་བཏོན་ཡོད་དེ།

 གཅིག     སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ།བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང༌།      ཏང་གིས་འབྲོག་ཁུལ་དུ་ཁྱིམ་དུད་ཐོན་སྦྲེལ་གྱི་འགན་གཙང་ལེན་ལམ་ལུགས་ལག་བསྟར་བྱས་པས།   རྒྱ་ཆེའི་འབྲོག་དམངས་ཀྱི་ཐོན་སྐྱེད་བརྩོན་སེམས་ལ་ཡར་སྐུལ་བྱས་ཤིང༌།  རྩྭ་ཐང་ཕྱུགས་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། འོན་ཀྱང་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བ་ནས་བཟུང༌། འབྲོག་ཁུལ་གྱི་མི་གྲངས་དང་ཕྱུགས་གྲངས་མུ་མཐུད་དུ་ཇེ་མང་དུ་སོང་བ་དང་བསྟུན་ནས་རྩྭ་ཕྱུགས་ཀྱི་འགལ་བ་འབུར་དུ་ཐོན་ཞིང༌།   རྩྭ་སའི་སྐྱེ་ཁམས་ཇེ་སྡུག་ཏུ་གྱུར་བས། རྩྭ་སའི་ཐོན་སྐྱེད་ནུས་ཚད་མངོན་གསལ་གྱིས་མར་ལྷུང་བ་དང་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་དཀའ་བ་རེད། 

ཕྱུགས་ལས་ཐོན་སྐྱེད་དང་མི་གྲངས། ཐོན་ཁུངས།  ཁོར་ཡུག་བཅས་ཀྱི་འབྲེལ་བ་ཕན་ནུས་སྒོས་སྙོམ་སྒྲིག་བྱེད་དགོས་པར།  2008ལོ་ནས་བཟུང༌།  ཞིང་ཆེན་སྲིད་གཞུང་གིས་ཁུལ་དྲུག་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཚོད་ལྟ་ས་ཚིགས་བཙུགས་ཤིང༌།  ཏང་གིས་འབྲོག་ཁུལ་གྱི་གཞི་རྩའི་དཔལ་འབྱོར་སྲིད་ཇུས་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་དུ།     ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་ཐབས་ལ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ།     ལེགས་འགྲུབ་ཉམས་མྱོངས་ཐོབ་པས། ཐོན་སྐྱེད་གོང་འཕེལ་དང་སྐྱེ་ཁམས་ཇེ་བཟང༌།  ངལ་རྩོལ་ནུས་ཤུགས་རིམ་ལྡན་ངང་གནས་སྒྱུར། ཡོང་སྒོ་བསྟུད་མར་འཕར་བ་བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ཏུ་བསྙེགས།

ལག་ལེན་གྱིས་བདེན་དཔང་བྱས་པ་ལྟར་ན། རང་ཞིང་གི་འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་གོང་འཕེལ་དུ་བཏང་ན།    ད་གཟོད་ཐོན་སྐྱེད་བདག་གཉེར་བྱེད་ཐབས་བསྒྱུར་བར་སྐུལ་འདེད་བྱེད་པ་དང༌།  ཐོན་སྐྱེད་རྒྱུ་ཆ་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པར་སྐུལ་འདེད་བྱེད་ཐུབ་པ།  ཐོན་ཁུངས་ཕན་ཡོད་ཀྱིས་བེད་སྤྱོད་བྱེད་པ་ཇེ་མཐོར་གཏོང་ཐུབ་པ།  རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་ཐུབ།  སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ན།   ད་གཟོད་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་བརྟེན་ནས་ཐོན་སྐྱེད་གོང་འཕེལ་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་ཕན་ཡོད་ཀྱིས་སྙོམ་སྒྲིག་ཐུབ་པ་དང༌།   རྩྭ་ཕྱུགས་དོ་མཉམ་ལ་སྐུལ་སྤེལ་དང་རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཐུབ། སྐྱེ་ཁམས་ཕྱུགས་ལས་གོང་འཕེལ་དུ་བཏང་ན།   ད་གཟོད་ངལ་རྩོལ་ལྷག་མ་ཕན་ཡོད་ཀྱིས་གནས་སྒྱུར་བྱེད་པར་སྐུལ་འདེད་ཐུབ་པས་ཡོང་སྒོའི་ལམ་གསར་བ་ཞིག་འཚོལ་ཐུབ་པ་དང༌།   འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་བ་མངོན་འགྱུར་བྱེད་ཐུབ།  དེར་བརྟེན།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་འབྲོག་ཁུལ་གྱིགོང་འཕེལ་བཞིསྐུལ་སྤེལ་གཏོང་བའི་འཐབ་ཇུས་ཀྱི་ཚད་མཐོ་ས་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་དོན་དངོས་མྱུར་མཁོ་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་དགོས་ཤིང༌།   འགོ་ཁྲིད་རྩ་འཛུགས་དང་བྱ་བར་སྔར་ལས་ཤུགས་སྣོན་བྱས་ཏེ།   སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་དེ་ཆུ་ཚད་གསར་བ་དང་སྐས་རིམ་གསར་བ་ཞིག་དུ་སླེབས་པར་ནན་ཏན་གྱིས་སྐུལ་སྤེལ་བྱེད་དགོས།  

གཉིས། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། དམིགས་འབེན་ལས་འགན། 

གཅིགམཛུབ་སྟོན་བསམ་བློ།

ཞིང་ཆེན་ཏང་ཨུའིགོང་འཕེལ་བཞིསྐུལ་སྤེལ་གཏོང་བའི་སྤྱིའི་བླང་བྱ་ལྟར།  རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་ཚན་རིག་ལྟར་འོས་འཚམས་ཀྱིས་རྩྭ་ས་བེད་སྤྱོད་བྱེད་པ་གཞི་རྩ་ཡིན་པ། ཐོན་སྐྱེད་བདག་གཉེར་བྱེད་ཐབས་བསྒྱུར་པ་དཀྱིལ་སྙིང་ཡིན་པ། རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་འཛུགས་སྐྲུན་བྱེད་པ་ཐབས་ལམ་ཡིན་པ།     འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྲུན་བྱེད་པ་གཞི་འཛིན་ས་ཡིན་པ།    ཕྱུགས་ལས་ཕན་འབྲས་དང་འབྲོག་པའི་ཡོང་སྤར། མི་དང་རང་བྱུང་ཁམས་མཐུན་འཕེལ་མངོན་འགྱུར་བྱུང་བ་དམིགས་འབེན་བྱས་ཏེ། འཁོར་སྐྱོད་ཕྱུགས་ལས་མི་གྲངས་དང་ཕྱུགས་ཟོག་ཉུང་འཕྲི་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་རྩྭ་ཐང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ཤིག་རིམ་གྱིས་འཛུགས་དགོས།   དེང་རབས་ཕྱུགས་ལས་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས་ཏེ།       སྒྲིག་གཞིའི་ལམ་ལུགས་ཀྱི་སྟེང་དུ་མཚོ་བོད་མཐོ་སྒང་གི་རྩྭ་ཐང་ཕྱུགས་ལས་དེ་ཚན་རིག་ལྟར་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་གསར་བ་ཞིག་བསྐྲུན་དགོས།

གཉིསགཞི་རྩའི་རྩ་དོན།

   སྐྱེ་ཁམས་སྔོན་ཐོབ་རྒྱུན་འཁྱོངས་བྱེད་པ།   སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཆེས་མཐའ་འཇུག་གི་དམིགས་ཡུལ་ནི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག    ཕྱུགས་ལས་ཕན་འབྲས་དང་འབྲོག་པའི་ཡོང་སྤར་མངོན་འགྱུར་བྱེད་དགོས། དེར་བརྟེན་རྩྭ་ཐང་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱེད་པར་ཕན་མིན་དང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་ཐུབ་པར་ཕན་མིན་དེ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཚད་གཞི་གཙོ་བོ་བསྡུར་ཞིབ་བྱེད་པ་ཞིག་ཏུ་བཞག་སྟེ།       སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གོ་རིམ་ཡོངས་སུ་ཁྱབ་དགོས་པ་དང༌། གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱེད་དགོས།

 ཚན་རིག་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོང་གི་ཁྲོད་དུ་འཕེལ་རྒྱས་དང་འཕེལ་རྒྱས་ཀྱི་ཁྲོད་དུ་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རྒྱུན་མཐུད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས།   མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ།     ཕྱུགས་ལས་ཐོན་སྐྱེད་རྒྱུ་ཆའི་བདག་དབང་ལམ་ལུགས་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཤུགས་ཆེན་པོས་ཕྱུགས་ལས་ཐོན་སྐྱེད་བྱེད་ཐབས་བཅོས་བསྒྱུར་བྱེད་པ་དང༌།   བདག་གཉེར་ནང་རྐྱེན་ལེགས་སྒྲིག་བྱེད་པ།   ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བཅས་བྱས་ནས་རྩྭ་སའི་ཕྱུགས་ལས་བཟང་ཞིང་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས།

   མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་པ།   འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་གཞི་རྩའི་བརྟེན་ས་ཞིག་ཡིན།  མཉམ་ལས་དཔལ་འབྱོར་རྩ་འཛུགས་གོང་འཕེལ་དུ་གཏོང་བར་བརྟེན་ནས་ཐོན་སྐྱེད་གོང་འཕེལ་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་ཕན་ཡོད་ཀྱིས་མཐུན་སྦྱོར་བྱེད་པ་དང༌།  ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་ཐབས་མགྱོགས་མྱུར་གྱིས་བསྒྱུར་བ།  ལུགས་མཐུན་གྱིས་ངལ་རྩོལ་བ་ལྷག་མ་གནས་སྒྱུར་བྱས་ཏེ།   རྩྭ་ཕྱུགས་མི་གསུམ་དོ་མཉམ་གྱིས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་ལྷན་དུ་ཁྱིམ་འབྲེལ་དང་ཆེད་ལས་དུད་ཁྱིམ་བདག་གཉེར་སོགས་འཕེལ་རྒྱས་རྣམ་པ་གསར་བར་ལྟིང་སྐུལ་བྱེད་དགོས།    

མང་ཚོགས་རང་འཐད་ཡིན་པ་རྒྱུན་འཁྱོངས་བྱེད་པ། དྲིལ་བསྒྲགས་དང་སྐུལ་སློང་རྒྱ་ཆེན་པོར་བྱས་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་འབྲེལ་ཡོད་སྲིད་ཇུས་རྩ་བ་ནས་རྟོགས་སུ་འཇུག་པའི་རྨང་གཞིའི་སྟེང་དུ་འབྲོག་དམངས་རང་འཐད་དང་རང་འགུལ་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཞུགས་པར་ལྟིང་སྐུལ་བྱེད་པ་ལས་སྲིད་འཛིན་བཀའ་རྒྱ་བཏང་མི་ཆོག

སྲིད་གཞུང་གིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་རང་འཐད་ཡིན་པར་བརྩི་བཀུར་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་དུ།  སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་བརྒྱུད་དེ་ཚན་རིག་ལུགས་མཐུན་གྱིས་འཕེལ་རྒྱས་འཆར་འགོད་གཏན་འཁེལ།  སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེར་གཏོང།

རྣམ་གྲངས་མ་དངུལ་མཉམ་བསྲེས་བྱེད་པ།   ཞབས་ཞུ་མཛུབ་སྟོན་དང་དངོས་ཟོག་འགན་སྲུང་མཁོ་སྤྲོད་བྱེད་པ།   འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་དངོས་ཤུགས་ཧུར་བརྩོན་གྱིས་ཆེར་གཏོང་བཅས་བྱས་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བརྟན་བརླིང་གིས་སྐུལ་སྤེལ་བྱེད་དགོས།

གསུམའཛུགས་སྐྲུན་དམིགས་འབེན།

ལོ་གསུམ་གྱི་དུས་ཚོད་བཀོལ་ཏེ།  ཁུལ་དྲུག་གི་རྫོང30ཡི་ཕྱུགས་ལས་རྐྱང་རྐྱང་གི་སྲིད་འཛིན་སྡེ་བ883ལ་སྐྱེ་ཁམས་ཕྱུགས་ལས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་རྒྱུ།      གནས་དེའི་ཡུལ་བབ་དང་བསྟུན་ནས་རང་ཉིད་ཀྱི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་པ་དང༌། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྒྲིག་གཞི་འཛུགས་དགོས་ལ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་ཐབས་བཅོས་བསྒྱུར་དང་རྩྭ་སའི་གཞི་ཁྱོན་བདག་གཉེར་ལ་འཕེལ་རྒྱས་ཅུང་མགྱོགས་པོ་ཡོང་བ་བྱེད་དགོས། 

 2013ལོ་ནས་བཟུང་ཡང་ལོ30གྱི་དུས་ཚོད་བེད་སྤྱད་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ལ་བརྟེན་ནས། མི་སྤོར་ཕྱུགས་འཕྲི་དང་སྒྲིག་ཆས་འཐུས་ཚང༌། གནས་ལེགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་བཅས་བརྒྱུད་དེ།   ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་དང༌།   ངལ་རྩོལ་ལུགས་མཐུན་གྱིས་གནས་སྒྱུར་མངོན་འགྱུར་བྱེད་དགོས།   སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དེ་ཚད་ལྡན་ཅན་དང་དོན་དངོས་ཅན་དུ་འཕེལ་བར་མངོན་འགྱུར་བྱེད་དགོས།  སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དེ་སྡེ་བ་དང་ཤང༌།  རྫོང་བཅས་སུ་ཐོན་པར་ལྟིང་སྐུལ་བྱེད་པ་དང༌།  རྩྭ་ཕྱུགས་དོ་མཉམ་གྱི་ལུགས་གསར་ཕྱུགས་ལས་ཐོན་སྐྱེད་རྣམ་པ་ཞིག་ཐོག་མར་གྲུབ་དགོས།  ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་ཐབས་ལ་ཕན་ཡོད་ཀྱིས་འཕོ་འགྱུར་བྱུང་བ།        སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་བསྐྲུན་བྱེད་པ་དེ་གནད་ས་ཞིག་ཏུ་བཟུང་སྟེ།   འབྲོག་དམངས་རྩ་འཛུགས་བྱས་པ་བརྒྱུད་དེ་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་ཤིང་ཕྱུགས་ལས་སྡེ་བའི་སྡེ་དམངས་རྩ་འཛུགས་ཅན་གྱི་གོ་རིམ་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས།    མཉམ་ལས་དཔལ་འབྱོར་རྩ་འཛུགས་བརྒྱུད་དེ་མཁོ་སྤྲོད་བྱས་པའི་ཐོན་སྐྱེད་རྒྱུ་ཆ་འབྲོག་དམངས་སྤྱིའི་ཉོ་སྒྲུབ་ཚད་ཀྱི65%ཡན་ཟིན་པ་དང༌།   ཕྱིར་འཚོང་གི་ཕྱུགས་ལས་ཐོན་རྫས་ཀྱིས་འབྲོག་དམངས་ཀྱིས་ལོ་རེར་ཕྱིར་འཚོང་ཚད་ཀྱི80%ཡན་ཟིན་ཡོད།  མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་རྩྭ་ས་དང་གཟན་རྩྭ་གཟན་ཆས་ཞིང་ས། ཕྱུགས་ཟོག་གོང་ཐག་བཅད་ནས་མ་རྐང་དུ་འཇོག་པ་བརྒྱུད་དེ།  མ་རྐང་ལྟར་ཁེ་ཕོག་བགོ་བ་དང༌།  གཅིག་གྱུར་གྱིས་དོ་དམ་དང་བདག་གཉེར་བྱེད་པའི་མ་རྐང་ལམ་ལུགས།     ཁྱིམ་འབྲེལ་མཉམ་ལས་ལམ་ལུགས་དང་ཡང་ན་མཉམ་ལས་ལམ་ལུགས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་གྱི་རྣམ་པ་ཞིག་འཛུགས་དགོས་ཤིང༌།    ས་མཚམས་བགོས་ནས་ཕྱུགས་ཟོག་འཚོ་རེས་དང་ཕྱུགས་ཟོག་ཚན་རིག་ལྟར་ཁྱུ་བགོ་བ། ངལ་རྩོལ་བའི་འཇོན་ནུས་ལྟར་ལས་ཀ་བཀོད་སྒྲིག་བྱེད་པ་བཅས་མངོན་འགྱུར་བྱེད་དགོས། 

ཕྱུགས་ལས་དཔལ་འབྱོར་འཕར་ཐབས་ལ་ཕན་ཡོད་ཀྱིས་འཕོ་འགྱུར་བྱུང་བ།    མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་གཅིག་གྱུར་རྩ་འཛུགས་འོག ཕྱུགས་ལས་ཐོན་ལས་ཀྱི་སྒྲིག་གཞི་ཤུགས་ཆེན་པོས་སྙོམ་སྒྲིག་དང་ལེགས་བཅོས་བྱས་པས།      བྱ་ཕྱུགས་གི་རྒྱུད་པ་མངོན་གསལ་གྱིས་ཇེ་བཟང་དུ་གཏོང་དགོས། ཕྱུགས་རྒྱུད་འདེམས་གསོ་དང་ཡང་ན་རྒྱུད་བཟང་ལེགས་བསྒྱུར་གྱི་ཁེབས་ཚད85%ཡན་ལ་སླེབས་དགོས།   ཕྱུགས་ཁྱུའི་སྒྲིག་གཞི་སྔར་ལས་ཇེ་ལེགས་སུ་གཏོང་ཞིང༌།  བཙའ་ལོ་རན་པའི་མོ་ཕྱུགས་ཀྱི་བསྡུར་ཚད65%ཡན་ཟིན་དགོས། ཕོ་ལུག་ལོ་དེར་ཚོན་གསོ་བཤས་ཁོངས་སུ་གཏོང་བ་དང་ཕོ་བེའུ་སྤྱད་འཐུས་ཚོན་གསོ་བཤས་ཁོངས་སུ་གཏོང་བ་ཕལ་ཆེར་མངོན་འགྱུར་བྱེད་པ་དང༌། གཟན་རྩྭ་གཟན་ཆས་དང་སོག་མ་ཚན་རིག་ལྟར་སྙོམ་སྒྲིག་བེད་སྤྱོད་ཀྱི་ཆུ་ཚད་དང་ཕྱུགས་ལས་ཕྱོགས་བསྡུས་ཆ་སྡེབ་ལག་རྩལ་བེད་སྤྱོད་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས།

 ངལ་རྩོལ་བ་ལྷག་མ་ཕན་ཡོད་སྒོས་ཁག་བགོས་ཐུབ་པ། མཉམ་ལས་དཔལ་འབྱོར་རྩ་འཛུགས་གོང་འཕེལ་དུ་གཏོང་བ་བརྒྱུད་ནས་ཐོན་སྐྱེད་རྒྱུ་ཆ་ལེགས་བསྡུ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས།   ཐོན་སྐྱེད་ལས་བཀོལ་གཅིག་གྱུར་བཀོད་འདོམས་བཅས་བྱེད་པ་དང༌། འབྲོག་པའི་རྩྭ་ས་དང་ཕྱུགས་ཟོག  གཟན་རྩྭ་གཟན་ཆས་ཀྱི་ཞིང་ས་བཅས་མ་རྐང་གི་ཚུལ་དུ་ཡོང་སྒོ་བརྟན་པོ་ཐོབ་པའི་རྨང་གཞིའི་སྟེང་དུ།  མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ངལ་ལས་དཔལ་འབྱོར་གྱི་སྣེ་ཁྲིད་དེ་གོང་འཕེལ་དུ་གཏོང་དགོས།     ཐོན་ལས་གཉིས་པ་དང་གསུམ་པ་གཉེར་ཏེ་ཡོང་སྒོའི་ཐབས་ལམ་རྒྱ་ཆེར་གཏོང་ཞིང༌། འབྲོག་མི་གཏན་སྡོད་སོགས་བཟོ་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ངལ་རྩོལ་བ་ལྷག་མ་མཁར་གྲོང་དུ་ལོག་ནས་གཏན་སྡོད་ལས་བསྐྲུན་བྱེད་པར་སྣེ་ཁྲིད་དགོས།

རྩྭ་ཕྱུཊ་དོ་མཉམ་ལམ་ལུཊ་ཕན་ཡོད་ཀྱིས་འཛུཊ་ཐུབ་པ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་རོགས་སྐྱོར་གསབ་དངུལ་སྲིད་ཇུས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མཉམ་ལས་དཔལ་འབྱོར་རྩ་འཛུཊ་ཀྱིས་གཅིག་གྱུར་རྩ་འཛུཊ་བྱེད་དགོས།   ཚན་རིག་ལུཊ་མཐུན་གྱིས་ཕྱུཊ་ཟོག་ཚད་བརྒལ་ཞིབ་གཤེར་ཉུང་འཕྲི་དང་ཚད་བརྒལ་གྱིས་ཕྱུཊ་ཟོག་འཚོ་བ་ཚོད་འཛིན་བྱེད་པའི་ལྷན་དུ་རྩྭ་ཕྱུཊ་དོ་མཉམ་ལ་སྔར་ལས་ཚན་རིག་ཕྱོགས་ཡོངས་ཀྱི་གོ་དོན་བསྩལ་ཡོད།  ནང་གསེས་ཀྱི་རང་བྱུང་རྩྭ་ས་ལུཊ་མཐུན་གྱིས་བེད་སྤྱོད་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་ལས་སྣོན་བསྲེས་སྦྱོར།          སོག་མའི་ཐོན་ཁུངས་གསར་འབྱེད།   ཉིན་གཟན་བསྲེས་སྦྱོར།  ཉར་གསོའི་ཚད་གཞི། དོ་དམ་ཆ་རྐྱེན་དང་ཆུ་ཚད་སོཊ་འདུས་ཡོད། 

 འབྲེལ་ཡོད་རྒྱུ་རྐྱེན་ལ་ཕྱོཊ་བསྡུས་ཀྱིས་དབྱེ་ཞིབ་བྱེད་པའི་རྨང་གཞིའི་སྟེང་དུ་རྩྭ་ཕྱུཊ་དོ་མཉམ་ལམ་ལུཊ་གཏན་འཁེལ་བྱེད་པ་དང་དོན་དངོས་ཀྱི་སྟེང་ནས་རྩྭ་ཕྱུཊ་ཀྱི་འགུལ་རྣམ་དོ་མཉམ་བྱེད་དགོས།

འབྲོག་དམངས་ཀྱི་ཡོང་སྒོ་སྣ་མང་ཅན་གྱི་ནུས་པ་དང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་ཐུབ་པ།  ཕྱུགས་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་བཅོས་གཏོང་བ་བརྒྱུད་དེ་ཕྱུགས་ལས་གོང་འཕེལ་གྱི་མངོན་མེད་ནུས་ཤུགས་སྔོག་འདོན་བྱེད་པ་དང༌།   ཕྱུགས་ལས་ཕྱོགས་བསྡུས་ཁེ་ཕན་མངོན་གསལ་གྱིས་ཇེ་མཐོར་གཏོང་བ་དང༌།      ཕྱུགས་ལས་ཀྱི་རྒྱུན་མཐུད་ཕན་འབྲས་མངོན་འགྱུར་བྱུང་དུ་འཇུག་དགོས།

   འབྲོག་པ་ལས་བགོ་བྱེད་པ་བརྒྱུད་དེ་ངལ་རྩོལ་བ་ལྷག་མ་ལས་ཞུགས་སྤོ་སྒྱུར་བྱེད་པར་སྐུལ་འདེད་བྱེད་པ་དང་འབྲོག་པའི་ཡོང་སྒོའི་ཐབས་ལམ་ཇེ་མང་དུ་གཏོང་དགོས། ཅུང་ཆ་ཚང་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་ཁ་གསབ་ལམ་ལུགས་འཛུགས་པ་བརྒྱུད་དེ་ཕྱུགས་ལས་ཀྱི་ཁ་གསབ་སྲིད་ཇུས་སྣ་ཚོགས་དངོས་འབབ་བྱེད་པ་དང༌། འགན་སྲུང་གི་རོགས་སྐྱོར་ནུས་པ་ཇེ་མཐོར་གཏོང་བ་དང༌།    ནོར་སྲིད་འཁོར་སྐྱོད་ཅན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ་སྣ་མང་ཅན་གྱི་ཡོང་སྒོ་སྤར་བ་མངོན་འགྱུར་བྱེད་དགོས།

གསུམ། ལུགས་གསར་ཕྱུགས་ལས་ཐོན་སྐྱེད་ཀྱི་ལམ་ལུགས་མགྱོགས་མྱུར་གྱིས་འཛུགས་དགོས།

གཅིགསྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་མགྱོགས་མྱུར་གྱིས་འཛུགས་པ། འབྲོག་ཁུལ་དུ་འབྲོག་དམངས་རྩ་འཛུགས་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་པ་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཞིག་ཡིན།   འབྲོག་པའི་རྩ་འཛུགས་ཅན་གྱི་ཚད་རིམ་ཇེ་མཐོར་བཏང་ན་ད་གཟོད་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཡང་དག་མཐུན་སྦྱོར་ཡིན་པའི་ཕན་ཡོད་ལམ་ལུགས་གྲུབ་ཐུབ།     དམངས་གཉེར་དང་དམངས་བདག དམངས་ཕན་བཅས་ཀྱི་རྩ་དོན་ལྟར་ངེས་པར་དུ་གཟབ་ནན་བྱེད་པ་དང༌།   གཉེར་ཤེས་དང་གཉེར་མཁས།     སྤྲོ་སྣང་ཅན་གྱི་འབྲོག་པ་དང་སྡེ་བའི་ལས་བྱེད་པ། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་ཡང་ན་ཁེ་ལས་པས་བཙུགས་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་འདེམས་གསེས་བྱེད་དགོས།  སློབ་གྲྭ་ཆེ་འབྲིང་དང་ཚན་ཞིབ་ལས་ཁུངས། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་མཉམ་གཉེར་བཅས་ལ་ལྟིང་སྐུལ་བྱེད་པ་མ་ཟད།   ནང་ཁུལ་གྱི་དོ་དམ་ལམ་ལུགས་སྣ་ཚོགས་དང་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། མ་རྐང་ལམ་ལུགས་དང་ཁྱིམ་འབྲེལ་ལམ་ལུགས། མཉམ་ལས་ལམ་ལུགས།     དུད་ཆེན་གཞི་ཁྱོན་འཕེལ་རྒྱས་སོགས་བདག་གཉེར་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ་བརྒྱུད་དེ་ཕྱུགས་ལས་ཐོན་ཁུངས་བཀོད་སྒྲིག་ལེགས་བཅོས་བྱེད་པ་དང༌། ཞི་ཁྱོན་ཅན་གྱི་བདག་གཉེར་དང་ཆེད་ལས་ཅན་གྱི་ཐོན་སྐྱེད།  ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཐོན་སྐྱེད་སྒྲིག་གཞི་གསར་བ་ཞིག་གྲུབ་དགོས།

གཉིསམཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ། ས་གནས་སོ་སོས་ད་ཡོད་ཕྱུགས་སྤྱིལ་དང་རྩྭ་ར་སོགས་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་བཟང་པོ་བྱས་ཏེ་དོ་དམ་ནན་མོ་བྱེད་པ་དང༌།      དེའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་དང་ལྷན་དུ་ཧུར་ཐག་སྒོས་སྲིད་གཞུང་གི་འབྲེལ་ཡོད་རྣམ་གྲངས་དངུལ་འཐེན་ནུས་པ་འདོན་སྤེལ་བྱེད་དགོས།   མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་བསྐྲུན་བྱེད་པ་གཙོ་བོར་བཟུང་སྟེཐབས་ལམ་རྙོག་འཛིང་མིན་པ་དང་སྤྱོད་ཡུལ་མི་འགྱུར་པ།  གཅིག་གྱུར་བཀོད་འདོམས།  རིགས་དགར་འཛུགས་སྐྲུན།  རང་འགན་རང་ཁུར།  རང་གིས་བྱས་རྗེས་རང་ཉིད་ལ་འགོད་པབཅས་ཀྱི་རྩ་དོན་ལྟར།  རྣམ་གྲངས་མཉམ་བསྲེས་དང་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས།   ནོར་ཤུགས་དང་དངོས་ཤུགས། མི་ཤུགས་བཅས་མཉམ་ལས་དཔལ་འབྱོར་རྩ་འཛུགས་སུ་འདུས་པར་སྣེ་ཁྲིད་བྱེད་པ་དང༌།  མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་ཐོན་ཁུངས་གཞི་ཁྱོན་གྱི་ཕན་འབྲས་འདོན་སྤེལ་བྱེད་དགོས།

གསུམརྩྭ་ཕྱུགས་དོ་མཉམ་གྱི་ཐོན་སྐྱེད་རྣམ་པ་འཛུགས་པ།  རྩྭ་ཕྱུགས་དོ་མཉམ་གྱི་ཐོན་སྐྱེད་རྣམ་པ་འཛུགས་པ་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་སྙིང་བོ་ཡིན།   ས་གནས་སོ་སོས་རྒྱལ་ཁབ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དངོས་དེར་རྐང་བཙུགས་ནས་རྩྭ་སའི་ཕྱུགས་ཤོང་ཚད་ཚན་རིག་ལྟར་ཕྱུགས་གྲངས་གཏན་ལ་ཕབ་པ་དང༌།  མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་མཛུབ་སྟོན་དང་རོགས་རམ་བྱེད་དགོས་ལ། ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་དང་ཕོ་ལུག་དང་ཕོ་བེའུ་ཚོན་གསོ།   རྩྭ་འདེབས་ཕྱུགས་གསོ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ༌།   ཕྱུགས་ཟོག་མགྱོགས་མྱུར་གྱིས་འཁོར་རྒྱུག་བྱེད་པ་དང་ཚད་བརྒལ་གྱིས་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་ཞིང༌།     རང་བྱུང་རྩྭ་ཐང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་རྩྭ་ཕྱུགས་དོ་མཉམ་བྱེད་དགོས།    དོན་དངོས་དང་ཟུང་དུ་འབྲེལ་ཏེ།    རྩྭ་ཕྱུགས་དོ་མཉམ་གྱི་ལྟ་རྟོག་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས།  ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་བྱ་བར་ལྟ་རྟོག་དང་བརྟག་དཔྱད་བྱེད་པར་ཤུགས་སྣོན་བྱེད་དགོས།   མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཐོན་སྐྱེད་བདག་གཉེར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་རྩྭ་ཕྱུགས་དོ་མཉམ་དེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོར་དངོས་སུ་ཁྱབ་པར་མངོན་འགྱུར་བྱེད་དགོས།

བཞིངལ་རྩོལ་བ་ལྷག་མའི་ལས་ཞུགས་གནད་དོན་དངོས་ནས་ཐག་གཅོད་བྱེད་པ།  སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་ནི་ངལ་རྩོལ་བ་ལྷག་མ་སྐོར་ཞིག་བཅིངས་འགྲོལ་བྱེད་པ་ཞིག་ཡིན་ཞིང༌།  མི་འདི་དག་བཀོད་སྒྲིག་ལེགས་པོ་བྱེད་པ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནད་འགག་ཡིན།    ས་གནས་སོ་སོས་ངལ་རྩོལ་བ་ལྷག་མའི་ལས་ཞུགས་གནད་དོན་དངོས་སུ་ཐག་གཅོད་བྱེད་དགོས་པ་སྟེ།     གཅིག་ནི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཐོན་ལས་གོང་འཕེལ་རྒྱུན་བསྲིངས་བའི་བྱེད་ཐབས་བརྒྱུད་དེ། མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ངལ་རྩོལ་བ་རྩ་འཛུགས་བྱས་ཏེ་ནོར་ལུག་ཚོན་གསོ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། མི་རིགས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད། སྐྱེལ་འདྲེན་སོགས་ཀྱི་ཐོན་ལས་གཉེར་ཏེ་ངལ་རྩོལ་བ་སྐོར་ཞིག་གི་ནང་འདྲེན་བྱེད་དགོས།  གཉིས་ནི་རིམ་པ་སོ་སོའི་སྲིད་གཞུང་གིས་ངལ་རྩོལ་བ་ལྷག་མའི་རྩལ་ནུས་གསོ་སྦྱོང་བྱེད་པར་ཤུགས་སྣོན་བྱས་ཏེ།  ངལ་རྩོལ་བ་སྤོ་བསྒྱུར་ཕྱིར་གཏོང་གི་ཐབས་ལམ་རྒྱ་བསྐྱེད་དགོས།  གསུམ་ནི་གནས་སྤོར་འབྲོག་པའི་གཏན་སྡོད་བཟོ་བཀོད་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ།  མཁར་གྲོང་དང་གཞུང་ལམ་གྱི་ཉེ་འགྲམ་དུ་གཏན་སྡོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཆ་རྐྱེན་ཡོད་པའི་འབྲོག་དམངས་ཀྱིས་སྔར་གྱི་རྩྭ་ས་འགན་ལེན་བྱས་པའི་འབྲེལ་བ་མི་འགྱུར་པ་དང༌། མ་རྐང་གི་ཚུལ་དུ་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ཕྱུགས་ཟོག་དང་རྩྭ་སའི་མ་རྐང་ཁེ་ཕོག་ཐོབ་པ་དང་ལྷན་དུ་མཁར་གྲོང་དུ་ཡོང་ནས་སྤོ་བསྒྱུར་ལས་ཞུགས་བྱེད་པར་སྣེ་ཁྲིད་དགོས།

(ལྔ) སྐྱེ་ཁམས་ཕྱུགས་ལས་ཀྱི་ཚན་རྩལ་བཀོལ་ཚད་ཇེ་མཐོར་གཏོང་བ། ས་གནས་སོ་སོའི་ཐོན་ཁུངས་ཀྱི་ཁྱད་ཆོས་ལྟར། ཕྱུགས་ལས་ནང་ཁུལ་གྱི་སྒྲིག་གཞི་སྙོམ་སྒྲིག་ལ་རམ་འདེགས་བྱས་ཏེ། ཕྱུགས་ལས་ཚན་རྩལ་ཞིབ་འཇུག་རྒྱ་བསྐྱེད་པའི་བྱ་བར་རྩ་འཛུགས་ཞིབ་མོ་བྱེད་པ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་དགོས།  གཟན་རྩྭ་འདེབས་འཛུགས་ཀྱི་ལག་རྩལ་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་དགོས། ད་ཡོད་ཀྱི་རྨོ་ཞིང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་གཟན་རྩྭ་འདེབས་རྒྱ་ཇེ་ཆེར་གཏོང་བ་དང་གཟན་རྩའི་ཐོན་ཚད་ཇེ་མང་དུ་གཏོང་དགོས། མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་འབྲོག་ཁུལ་དུ་གཞི་ཁྱོན་རྩ་འདེབས་ཀྱི་ཚད་ཇེ་མཐོར་གཏོང་བ་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དུ་ར་སྐོར་དུ་རྩྭ་འདེབས་རྒྱ་ཇེ་ཆེར་གཏོང་དགོས།  ཞིང་བསྐྱུར་རྩྭ་འདེབས་ས་ཆ་བེད་སྤྱོད་ལེགས་པོ་བྱས་ཏེ།  ལོ་གཅིག་དང་ལོ་དུ་མར་སྐྱེ་བའི་རྩྭ་རིགས་འདེབས་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་ཞིང༌།   བྲེག་ཆོག་པའི་རྩྭའི་ཐོན་ཚད་ཇེ་མཐོར་གཏོང་དགོས།    གཟན་རྩྭ་གཟན་ཆས་བསྲེས་སྦྱོར་ལག་རྩལ་ཞིབ་འཇུག་དང་རྒྱ་བསྐྱེད་པར་ཇེ་དྲག་ཏུ་གཏོང་དགོས།   གནས་དེའི་གཟན་རྩྭ་གཟན་ཆས་དང་སོག་མའི་གནས་ཚུལ་ལྟར། གནས་དེའི་ཡུལ་བབ་དང་མཐུན་པའི་གཟན་རྩྭ་བསྲེས་སྦྱོར་དང་གཟན་རྩྭ་གཟན་ཆས་བསྲེས་ཐབས།      བསྣོག་སྟེར་གྱི་ལག་རྩལ་ལ་ཞིབ་འཇུག་དང་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་དགོས།   ཧུར་ཐག་སྒོས་སོག་མ་སྙོལ་བ་དང་ཨན་འགྱུར།     ཕྱུགས་ཟོག་ཉར་གསོ་གྱི་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ་གཟན་ཆས་བེད་སྤྱོད་ཚད་དང་འཁོར་སྐྱོད་ཚད་ཇེ་མཐོར་གཏོང་དགོས།  ཕྱུགས་ཁྱུ་བགོ་ནས་འཚོ་ཐབས་ལ་འོས་འཚམས་ཀྱིས་ཞིབ་འཇུག་བྱེད་དགོས།  ཕྱུགས་རིགས་དང་ཕྱུགས་ཁྱུ། རྩྭ་སའི་རྣམ་པ། གནམ་གཤིས་ཁྱད་ཆོས། གཟན་རྩྭ་གཟན་ཆས་ཀྱི་ཁྱབ་ཚུལ། ངལ་རྩོལ་བའི་རྩལ་ནུས་སོགས་དང་མཐུན་པ་ཞིག་ཞིབ་འཇུག་བྱེད་དགོས།      གནས་དེ་དང་མཐུན་པའི་ཕྱུགས་ཁྱུ་བགོ་ཐབས་དང་ཕྱུགས་ཟོག་འཚོ་ཐབས་ཤིག་ཞིབ་འཇུག་བྱས་ཏེ།   ཕྱུགས་ལས་ཐོན་སྐྱེད་དེ་གང་ནུས་ཀྱིས་རང་བྱུང་ཆ་རྐྱེན་དང་གཟན་རྩྭ་གཟན་ཆས་ཀྱི་ཆ་རྐྱེན།   སྒྲིག་ཆས་ཆ་རྐྱེན་བཅས་དང་མཐུན་དགོས་ཤིང༌།  ཕྱུགས་ཁྱུའི་ཐོན་ཚད་ཇེ་མཐོར་གཏོང་དགོས།   ནོར་ནག་དང་བོད་ལུག་གི་རྒྱུད་བཟང་འདེམས་གསེས་དང་བཟང་སྒྲུག་བསྐྱར་གསོ་ལ་ཤུགས་སྣོན་བྱས་ཏེ།   ཕོ་ཕྱུགས་ལ་བརྟག་དཔྱད་བྱེད་པའི་བྱ་བར་གཙིགས་འཛིན་བྱེད་པ་དང་ཕྱུགས་རྒྱུད་ཞན་པ་མེད་པར་གཏོང་དགོས།  རྒྱུད་བཟང་ཕྱུགས་ཟོག་ནང་འདྲེན་དང་རྒྱུད་སྤེལ་བྱེད་པའི་བྱ་བར་ཤུགས་སྣོན་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཕྱུགས་ཁྱུ་ཧྲིལ་བོ་བརྗེ་ལེན་བྱེད་ཐབས་སྤྱད་དེ་ཐོན་ཚད་དམའ་བའི་ཕྱུགས་ཁྱུ་ཕྱིར་འཚོང་དང་ཐོན་ཚད་མཐོ་བའི་ཕྱུགས་ཁྱུ་ནང་འདྲེན་བྱེད་དགོས།     ཚོན་གསོ་ཕྱུགས་ཟོག་གི་ཐོན་སྐྱེད་རང་ནུས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། 

དྲུགམཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཀྱི་ཟོང་རྟགས་ཤུགས་ཆེན་གྱིས་བསྐྲུན་པ།     རང་ཞིང་གི་རྩྭ་སའི་ཕྱུགས་ལས་ཀྱི་ནོར་ནག་དང་བོད་ལུག་གི་གནས་ལེགས་ཐོན་ཁུངས་ལ་རྐང་བཙུགས་ཏེ།    འཛམ་གླིང་ནོར་ནག་གི་ཕ་སདང་ཀྲུང་གོའི་བོད་ལུག་གི་ལྟེ་གནསཀྱི་ཟོང་རྟགས་བསྐྲུན་དགོས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དེ་གནས་དེའི་ཕྱུགས་ལས་དང་གནས་ལེགས་ཐོན་ཁུངས་གཞན་དང་ཟུང་འབྲེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།  ཁྱད་ལྡན་གྱི་ཐོན་རྫས་ཁྱད་ཆོས་ཅན་གསར་གཏོད་བྱེད་པ་མ་ཟད་དེར་ཚོང་རྟགས་ཐོ་འགོད་བྱེད་དགོས།  སྲིད་གཞུང་གིས་སྒྲོམ་གཞི་བསྐྲུན་པ་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ལག་ལེན་གྱི་བྱེད་ཐབས་སྤྱད་དེ་འབྲོག་དམངས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཐོན་རྫས་འགྲེམ་སྟོན་ཚོགས་པ་དང༌། ངོ་སྤྲོད་ཚོགས་པ་སོགས་ཀྱི་རྣམ་པ་འཛུགས་གཉེར་བྱེད་པ་བརྒྱུད་དེ།     མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་བརྡ་འཕྲིན་ཞབས་ཞུ་མཁོ་སྤྲོད་བྱེད་པ་དང་ཚོང་གཉེར་དྲ་རྒྱ་འཛུགས་སྐྲུན་བྱས་ཏེ།  ཚོང་རའི་ཕྱིར་འཚོང་གི་བགྲོད་ལམ་ཡངས་པོར་བྱེད་དགོས། 

བཞི།   སྲིད་ཇུས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།

གཅིགཁྲལ་བསྡུ་གཟིགས་སྐྱོང་གི་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱེད་པ།  རིམ་པ་སོ་སོའི་ཁྲལ་བསྡུ་ལས་ཁུངས་ཀྱིསནོར་སྲིད་པུའུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་འབྲེལ་ཡོད་ཁྲལ་བསྡུ་སྲིད་ཇུས་སྐོར་གྱི་བརྡ་སྦྱོརནོར་ཁྲལ[2008]81གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱེད་ཅིང༌། མཉམ་ལས་ཁང་གི་ཁོངས་མིས་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་དུས་ཞིང་ལས་ཐོན་སྐྱེད་པས་རང་བཟོས་ཐོན་སྐྱེད་ཕྱིར་འཚོང་དུ་བརྩིས་ནས་གནས་ཐང་འཕར་ཁྲལ་བསྡུ་མི་ཆོག     མཉམ་ལས་ཁང་གིས་ཁོངས་མི་ལ་ཞིང་སྤྱོད་འགྱིག་ཤོག་དང་ས་བོན། སྡོང་ཕྲུག  ལུད་རྫས། ལུས་སྨན།  ཞིང་འཕྲུལ་བཅས་བཙོང་དུས་གནས་ཐང་འཕར་ཁྲལ་བསྡུ་མི་ཆོག    མཉམ་ལས་ཁང་གིས་ཁོངས་མིས་ཞིང་ལས་ཐོན་རྫས་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཉོ་ཚོང་གན་རྒྱ་འཇོག་དུས་འཛིན་ཐོག་སྦྱར་བའི་ཁྲལ་དོད་དཔེ་རིས་མེད་པར་བྱེད་དགོས།   གནས་ཐང་འཕར་ཁྲལ་དེ་སྤྱིར་བཏང་གི་ཁྲལ་སྤྲོད་མཁན་གྱིས་མཉམ་ལས་ཁང་དུ་ཉོས་པའི་ཁྲལ་མེད་ཞིང་ལས་ཐོན་རྫས་ཀྱི13%འཕྲི་འཐེན་བྱེད་ཚད་ལྟར་འཕར་རིན་དཔྱ་ཁྲལ་ཐོད་གཏུག་དགོས།

གཉིསསྔར་ལས་གཟིགས་སྐྱོང་གི་བཟོ་ཚོང་ཐོ་འགོད་སྲིད་ཇུས་ལག་བསྟར་བྱེད་པ།  རིམ་པ་སོ་སོའི་བཟོ་ཚོང་སྡེ་ཁག་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་བསྐྲུན་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ།  མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་བསྐྲུན་གྱི་སྣེ་ཁྲིད་པ་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བའི་ལྷན་དུ། རྒྱལ་ཁབ་ཀྱིས་ཞིང་བའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་བཟོ་ཚོང་ཐོ་འགོད་སྒྲུབ་པའི་གཟིགས་སྐྱོང་སྲིད་ཇུས་ནན་ཏན་གྱིས་དངོས་འབབ་བྱས་ཏེ།   མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་བཟོ་ཚོང་ཐོ་འགོད་བྱེད་པར་སྟབས་བདེ་བཟོ་དགོས།

གསུམམཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་དཔལ་འབྱོར་གདོས་བཅས་གསར་སྤེལ་བྱེད་པར་ལྟིང་སྐུལ་བྱེད་པ།      ས་གནས་སོ་སོས་རང་གི་ལྟེ་གནས་མཁར་གྲོང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་དང་མཁར་གྲོང་གི་འདུས་ཚད་ཇེ་ལེགས་སུ་གཏོང་བ་དང་ལྷན་དུ་གཅིག་གྱུར་འཆར་འགོད་དང་དམིགས་བསལ་སྲིད་ཇུས་བེད་སྤྱད་དེ།      སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་བྱས་ཏེ་ཁྲོམ་ཚོགས་ཚོང་ར་འཛུགས་སྐྲུན་དུ་ཞུགས་པར་སྣེ་ཁྲིད་བྱེད་ཅིང༌།      ཐོན་ཚོང་གི་འབྲེལ་བ་མངོན་འགྱུར་བྱེད་དགོས།  ཆེད་དོན་མ་དངུལ་བཀོད་སྒྲིག་དང་སྐྱེད་ཀ་འཕར་གཅོག་བྱེད་ཐབས་བརྒྱུད་དེ།  མཉམ་ལས་དཔལ་འབྱོར་རྩ་འཛུགས་དེ་ཕྱུགས་ཐོན་དངོས་རྫས་ལས་སྣོན་དང་སྐྱེལ་འདྲེན།    ཚོང་རར་མཁོ་སྤྲོད་བྱེད་པ་སོགས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་དཔལ་འབྱོར་གདོས་བཅོས་གསར་སྤེལ་བྱེད་དགོས།  ཚོང་འགུག་དངུལ་འདྲེན་ཐབས་འདྲེན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཞིང༌།  ཕྱུགས་ཐོན་དངོས་རྫས་ལས་སྣོན་གྱི་སྣེ་ཁྲིད་ཁེ་ལས་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཉིས་ཀྱིས་རྣམ་པ་གང་མང་གི་སྒོ་ནས་མཉམ་འབྲེལ་བྱས་ཏེ་ཕྱུགས་ཐོན་དངོས་རྫས་ལས་སྣོན་བྱེད་པ་དང་དེའི་རིན་ཐང་འཕར་སྣོན་བྱེད་དགོས། 

བཞིམཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་མཛུབ་སྟོན་དང་ཞབས་ཞུ་ལ་ཤུགས་སྣོན་བྱེད་པ། ས་གནས་སོ་སོས་ཞིང་ཕྱུགས་ལས་བདག་གཉེར་དོ་དམ་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ལས་བདག་གཉེར་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས། གཙོ་བོ་ཤང་དང་གྲོང་རྡལ་གྱི་ཕྱོགས་སུ་རྒྱ་བསྐྱེད་རྒྱུ།     སྐྱེ་ཁམས་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལས་དོན་ཁང་འཛུགས་པ་སོགས་བརྒྱུད་དེ་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་རྒྱུ་རྫས་དང་ནོར་དོན། ནང་ཁུལ་ཚོད་འཛིན་སོགས་ཀྱི་བྱ་བ་སྤེལ་བར་མཛུབ་སྟོན་དང་ཚད་ལྡན་བྱེད་པ་དང༌།     དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིས་རྩྭ་ས་དང་ཕྱུགས་ཟོག   གཟན་རྩྭ་གཟན་ཆས་ཞིང་ས་སོགས་གོང་ཐག་བཅད་ནས་མ་རྐང་དུ་ཞུགས་པའམ་ཡང་ན་མཉམ་གཉེར་སོགས་ཀྱི་བྱ་བ་སྤེལ་བར་མཛུབ་སྟོན་བྱེད་དགོས་པ་མ་ཟད།  མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་གཞི་རྩའི་ཡིག་ཚགས་སྣ་ཚོགས་ཁ་ཚང་དུ་བཟོ་བར་རོགས་རམ་བྱེད་དགོས། ཚན་རྩལ་ཁྱབ་གདལ་དང་ཚོང་རའི་བརྡ་འཕྲིན།  ཕྱུགས་ནད་སྔོན་འགོག་སོགས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལ་ཤུགས་སྣོན་བྱས་ཏེ་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཚད་ལྡན་གྱིས་འཁོར་སྐྱོད་བྱེད་པ་དང་བདེ་ཐང་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས།

ལྔ།  རྩ་འཛུགས་དོ་དམ་ལ་ཤུགས་སྣོན་བྱེད་པ།

གཅིགསྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་བྱ་བའི་མགོ་ཁྲིད་ལ་དངོས་ནས་ཤུགས་སྣོན་བྱེད་པ།        ཁུལ་སོ་སོའི་སྲིད་གཞུང་དང་རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་ངེས་པར་དུ་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་འགོ་ཁྲིད་ལ་དངོས་ནས་ཤུགས་སྣོན་བྱེད་དགོས།   སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ཞིག་གི་སྟེང་དུ་བཞག་སྟེ།    དམིགས་འབེན་ཞིབ་ཕྲ་དང་འོས་འགན་ཁག་བགོ  བྱེད་ཐབས་ཤུགས་སྣོན།  དངོས་འབབ་དམ་འཛིན་བཅས་བྱེད་དགོས།      ཁུལ་སོ་སོ་དང་འབྲེལ་ཡོད་རྫོང་སོ་སོས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་འགོ་ཁྲིད་ཚན་ཆུང་འཛུགས་དགོས་པ་མ་ཟད་འགོ་ཁྲིད་ཚན་ཆུང་གི་མི་སྣ་སོ་སོའི་ལས་ཁུངས་དང་འགན་ཁུར་པའི་བྱ་བའི་འོས་འགན་གསལ་བོར་བྱེད་དགོས། ལས་སྒོའི་ནུས་པ་དྲག་པོ་ཡིན་པའི་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་སྡེ་བ་དང་ས་གནས་སུ་སོང་ནས། སྡེ་ཨུ་ལྷན་ཁང་གཉིས་ལ་དྲིལ་བསྒྲགས་སྐུལ་སློང་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་པ།  ཕྱུགས་རྩྭ་མ་རྐང་དུ་ཞུགས་པ།  འཁོར་སྐྱོད་སྒྲིག་གཞི་འཛུགས་པ་སོགས་བྱ་བའི་གོ་རིམ་ཧྲིལ་བོར་རྗེས་འདེད་མཛུབ་སྟོན་བྱེད་དགོས།  ཉམས་མྱོང་སྤྱི་བསྡོམས་དང་རང་དཔེ་གཞན་སྟོན།   སྔོན་ཐོན་སྣེ་ཁྲིད་བཅས་ཀྱི་བྱེད་ཐབས་ཀྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། འབྲོག་ཁུལ་གྱི་རྫོང་དང་ཤང་སྲིད་གཞུང་གིས་སྟོབས་ཤུགས་གཙོ་བོ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་སྟེང་དུ་འཇོག་པ་དང༌།  ལྷག་པར་དུ་སྲིད་གཞུང་གི་འགོ་ཁྲིད་པ་དང་པོས་གཙིགས་འཛིན་ཆེན་པོ་བྱས་ཏེ་དངོས་སུ་ལག་ལེན་དམ་འཛིན་བྱེད་དགོས།

གཉིསདམིགས་འབེན་དཔྱད་ཞིབ་ཆ་གཉིས་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ། སྐྱེ་ཁམས་ཕྱུགས་ལས་གོང་འཕེལ་དུ་གཏོང་བ་ནི་འབྲོག་ཁུལ་ཕྱུགས་ལས་ཐོན་སྐྱེད་སྒྲིག་གཞི་དང་དོ་དམ་ལམ་ལུགས་བསྒྱུར་བཅོས་ཆེན་པོ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་ཡུན་འཕེལ་དོན་དངོས་དང་དམིགས་ཏེ་ཐག་བཅད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན།      སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དར་སྤེལ་བྱེད་ན་རིམ་པ་སོ་སོའི་སྲིད་གཞུང་ནི་འགན་འཁྲིའི་གཙོ་གནད་ཡིན།    ཞིང་ཕྱུགས་སྡེ་ཁག་གིས་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པའི་བྱེ་བྲག་གི་འགན་ཁུར་དགོས།       སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་གྲོས་རིམ་གལ་ཆེན་ནང་དུ་འཇོག་ཆེད།     སྐྱེ་ཁམས་ཕྱུགས་ལས་ཀྱིས་དམིགས་འབེན་དཔྱད་ཞིབ་ཆ་གཉིས་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་རེའི་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་སྤྱིའི་འགན་ཁུར་དགོས་པ་དང་རིམ་པ་སོ་སོའི་སྲིད་གཞུང་གི་འགན་ཁུར་པ་གཙོ་བོ་ནི་འགན་འཁྲི་པ་དང་པོ་ཡིན་དགོས།    དེས་སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་དམིགས་འབེན་ཡོངས་འགྲུབ་དང་འབྲོག་དམངས་དྲིལ་བསྒྲགས་སྐུལ་སློང༌།       མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་འཁོར་སྐྱོད། ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱོད།  རྣམ་གྲངས་སྡེབ་སྒྲིག་དང་ཆ་སྡེབས།  དམིགས་གསལ་སྲིད་ཇུས་དངོས་འབབ་སོགས་ཀྱི་བྱ་བའི་འགན་ཁུར་དགོས། རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་རང་རེའི་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བར་མཛུབ་སྟོན་བྱེད་པ་དང༌།    ས་གནས་སོ་སོའི་འཛུགས་སྐྲུན་མ་དཔེ་གཏན་འཁེལ་དང༌། རྩྭ་ལ་བརྟེན་ནས་ཕྱུགས་གྲངས་གཏན་ཁེལ་བྱེད་པའི་ཇུས་གཞི་འགོད་པ། ཕྱུགས་ལས་ཐོན་ཁུངས་སྡེབ་སྒྲིག་གི་ཇུས་གཞི་གཏན་འཁེལ།   ཕྱུགས་ལས་ཐོན་སྐྱེད་སྒྲིག་གཞི་སྙོམ་སྒྲིག་གི་ཇུས་གཞི་གཏན་འཁེལ། མི་སྣ་གསོ་སྦྱོང་བྱེད་པ་སོགས་ཀྱི་འགན་ཁུར་དགོས་པ་མ་ཟད། མཉམ་ལས་ཁང་སོ་སོས་སྒྲིག་ཡིག་གཏན་འཁེལ། ལམ་ལུགས་འཛུགས་པ་སོགས་བྱ་བ་ལེགས་འགྲུབ་འབྱུང་བར་མཛུབ་ཁྲིད་བྱེད་པའི་འགན་ཁུར་དགོས།   ལོ་རེའི་ལོ་མཇུག་གི་སྔོན་ལ་ཞིང་ཆེན་སྲིད་གཞུང་གིས་ཁུལ་སོ་སོའི་དམིགས་འབེན་འགན་ཁུར་འགྲུབ་ཚུལ་ལ་དཔྱད་ཞིབ་བྱེད་རྒྱུ།    ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་བྱ་བའི་གྲོན་དངུལ་དེ་ད་ལོ་ནས་བཟུང་དཔྱད་ཞིབ་མཇུག་འབྲས་དང་འབྲེལ་བ་ཡོད་པས་བྱ་དགས་ཚབ་སྟེར་བྱེད་པ་ལག་ལེན་བྱེད་རྒྱུ།

གསུམསྡེ་ཁག་སོ་སོས་མཉམ་ཤུགས་ཀྱིས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ། ས་གནས་སོ་སོས་ངེས་པར་དུ་རང་གི་འགན་ནུས་སྡེ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་ཤུགས་འཛོམས་ནས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་དགོས།    ནོར་སྲིད་སྡེ་ཁག་གིས་ཕྱུགས་ལས་འཛུགས་སྐྲུན་གྱི་འབྲེལ་ཡོད་རྣམ་གྲངས་སྡེབ་སྒྲིག་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་དང༌། མ་དངུལ་བཀོལ་བར་ལྟ་རྟོག་བྱས་ཏེ་མ་དངུལ་ལུགས་མཐུན་གྱིས་སྤྱོད་པ་ཁག་ཐེག་བྱེད་དགོས།   འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་གིས་འབྲེལ་ཡོད་འཛུགས་སྐྲུན་འཆར་འགོད་དང་འཛུགས་སྐྲུན་འཆར་གཞི་གཏན་འཁེལ་བྱེད་པའི་འགན་ཁུར་དགོས་ཤིང༌།     སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་སྡེ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་དགོས་མཁོ་ལྟར།        མཉམ་ལས་དཔལ་འབྱོར་རྩ་འཛུགས་ནི་འཛུགས་སྐྲུན་གྱི་གཙོ་གནད་བྱེད་པ་དང་འབྲེལ་ཡོད་གཞི་རྩའི་འཛུགས་སྐྲུན་མ་དངུལ་སྡེབ་སྒྲིག་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་དགོས།    དབུལ་སྐྱོར་སྡེ་ཁག་གིས་དབུལ་སྐྱོར་རྣམ་གྲངས་སྣ་ཚོགས་བེད་སྤྱོད་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་སྡེ་བའི་རྗེས་མཐུད་ཐོན་ལས་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས།   མ་དངུལ་གཏོང་ཚད་དང་སྡེབ་སྒྲིག་བྱས་ཚད་ཇེ་ཆེར་བཏང་སྟེ་སྡེ་བ་ཧྲིལ་བོ་སྤེལ་བའི་ཐོན་ལས་འཛུགས་སྐྲུན་གྱི་ངལ་རྩོལ་བ་ལྷག་མ་གནས་སྒྱུར་ལ་སྐུལ་འདེད་གཏོང་བ་བརྒྱུད་དེ།  ཆུ་བེད་དང་འགྲིམ་འགྲུལ།  གློག་ཤུགས་སྡེ་ཁག་བཅས་ཀྱིས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཐོན་སྐྱེད་ལ་དམིགས་ཏེ་འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་ཆ་སྡེབ་བྱེད་དགོས།    སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་དང་ཞིང་ཕྱུགས་སྡེ་ཁག་གིས་འབྲོག་སྡེ་གསར་བ་འཛུགས་སྐྲུན་དང་གནས་སྤོར་འབྲོག་པའི་གཏན་སྡོད་བཟོ་སྐྲུན་སོགས་དང་ཟུང་འབྲེལ་བྱས་ཏེ་འབྲོག་པ་མཁར་གྲོང་དུ་སྡོད་པར་སྣེ་ཁྲིད་བྱེད་པ་དང༌། འདུས་སྡོད་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཁ་ཚང་དུ་བཏང་སྟེ་ངལ་རྩོལ་བ་ལྷག་མ་གནས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

བཞིགསོ་སྦྱོང་དང་དྲིལ་བསྒྲགས་སྐུལ་སློང་གི་བྱ་བ་དམ་འཛིན་བྱེད་པ།  རིམ་པ་སོ་སོའི་སྲིད་གཞུང་གིས་རྫོང་དང་ཤང༌།       སྡེ་བའི་ལས་བྱེད་པ་ནན་ཏན་གྱིས་གསོ་སྦྱོང་བྱས་ཏེ་ཁོ་ཚོར་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་རྩ་དོན་བླང་བྱ་དང་ལག་རྩལ་བྱེད་ཐབས།   འབྲེལ་ཡོད་སྲིད་ཇུས་སོགས་ཡང་དག་གིས་བྱང་ཆུབ་དུ་འཇུག་དགོས་པ་མ་ཟད།   སྲིད་ཇུས་ཀྱི་གོ་བ་ཟབ་མོ་ལོན་པའི་རྨང་གཞིའི་སྟེང་དུ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་མཛུབ་སྟོན་ཡང་དག་བྱེད་དགོས་ཤིང༌།    སྲིད་ཇུས་ལག་བསྟར་བྱས་པར་ནོར་འཕྱུག་བྱུང་སྟེ་འབྲོག་དམངས་ཀྱིས་སྲིད་ཇུས་ལ་གོ་ལོག་བྱུང་བར་གཏན་འགོག་བྱེད་དགོས།  གཞི་རིམ་དང་ཁྱིམ་ཚང་དུ་སོང་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་དང་ཐོན་སྐྱེད་བདག་གཉེར་རྣམ་པ།    འཁོར་སྐྱོད་སྒྲིག་གཞི་ནང་རྐྱེན་སོགས་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་ནན་ཏན་བྱེད་པ་དང་སུན་སྣང་མེད་པར་འགྲེལ་བཤད་བྱས་ཏེ་མང་ཚོགས་ལ་སེམས་ཁུར་མེད་དུ་འཇུག་དགོས།   མང་ཚོགས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་དགེ་མཚན་རང་བཞིན་དང་རང་རྟོགས་རང་བཞིན་ཇེ་མཐོར་གཏོང་དགོས། མི་སྣ་རྩ་འཛུགས་བྱས་ཏེ་དུད་ཁྱིམ་དུ་སོང་ནས་སྐུལ་སློང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་འབྲོག་དམངས་ལ་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བསམ་བློ་འཛུགས་ཤིང༌།        རྒྱ་ཆེའི་འབྲོག་དམངས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཆ་རྒྱུས་ཡོད་པ་དང༌།       སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཡོད་པ།   སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཟབ་ཞུགས་བཅས་བྱེད་དགོས། མང་ཚོགས་ཟབ་ཞུགས་དང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པའི་ཧུར་ཐག་རང་བཞིན་གཉིས་འདོན་སྤེལ་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་བྱ་བ་བདེ་ལེགས་ངང་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། 

ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།