{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > དྲིལ་སྒྲོག་རྒྱུ་ཆ། > ནང་དོན་གྱི་ངོས།

འཆམ་མཐུན་དགོན་པ་འཛུགས་སྐྲུན་བྱེད་པའི་གྲོས་འདོན་ཡི་གེ

དུས་ཚོད།2012--08--07--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།qhsmzw-zwགཏགཐེངས།
བོད་ཡིག་པར་ངོས།
 

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས།

ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པའི་ཚེས་བདུན་ཉིན

 

ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་དང་གྲྭ་བཙུན་རྣམ་པ།

རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་བོ་ནི་བྱམས་སྙིང་རྗེ་དང་། དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་སྒྲོལ་རྒྱུ་དེ་ཡིན་ཞིང་། རྒྱལ་ཁམས་བདེ་ལ་འགོད་ཅིང་སེམས་ཅན་ལ་ཕན་པ་དང་། རབ་ཏུ་བྱུང་ཡང་རྒྱལ་ཁབ་མི་བརྗེད་པ་དང་ཉམས་ལེན་ལ་གཞོལ་ཡང་སེམས་ཅན་མི་བརྗེད་པའི་དགོངས་པ་དར་སྤེལ་བྱེད་པ་ཡིན། དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་འཚོ་བ་རོལ་བའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ལ་མཚོན་ན། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཉིད་རྒྱལ་སྲུང་ཆོས་སྲུང་དང་འགྲོ་དྲུག་བདེ་ལ་འགོད་པའི་སེམས་ཀྱི་དག་ཞིང་ཞིག་ཏུ་དར་སྤེལ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་པ་ཐམས་ཅད་ཀྱི་ལོ་རྒྱུས་འགན་འཁྲི་ཡིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་ཡོངས་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་གྲྭ་བཙུན་རྣམས་ལརྒྱལ་གཅེས་དམངས་ཕན། འཆམ་མཐུན་མཉམ་སྐྲུན།ཞེས་པའི་གྲོས་འདོན་ཡི་གེ་སྤེལ་བ་དེར། ང་ཚོས་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་དང་དང་ལེན་བྱེད་པ་མ་ཟད། གཤམ་གྱི་གྲོས་གཞི་འདི་བཏོན་པ་ཡིན།

བོད་བརྒྱུད་ནང་བསྟན་ལ་རྒྱལ་སྲུང་དམངས་ཕན་དང་སྙིང་རྗེས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་སྲོལ་བཟང་ཡོད་པར་མ་ཟད། འཆམ་མཐུན་ལ་དགའ་མོས་དང་ཞི་བདེ་ལ་སྲུང་སྐྱོང་བྱེད། རྒྱལ་ཁམས་བདེ་ལ་འགོད་ཅིང་སེམས་ཅན་ལ་ཕན་བདེ་བསྐྲུན་པའི་གྲགས་པ་འབར། དེང་རབས་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ངོས་ནས། རྒྱལ་སྲུང་དམངས་ཕན་དང་འདུལ་ཁྲིམས་བརྩི་སྲུང་། བསམ་པ་རྩེ་གཅིག་གིས་སྒྲུབ་པ་ཉམས་ལེན། རྒྱལ་བའི་བསྟན་པ་དར་སྤེལ།ཆོས་དད་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱ་དགོས། མེས་རྒྱལ་གྱི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་པ་དང་། ལྟ་བ་གསལ་ཞིང་ལངས་ཕྱོགས་བརྟན་པོའི་ངང་ཁ་ཕྲལ་གནོད་སྐྱེལ་གྱི་བྱ་སྤྱོད་ཐམས་ཅད་ལ་ངོ་རྒོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་དགོས། རྒྱལ་གཅེས་དྲིན་གཟོ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས་ནི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཡིན་པ་དང་། མེས་རྒྱལ་ཁ་ཕྲལ་དང་མི་རིགས་ལ་གནོད་པ། སྤྱི་ཚོགས་སྟེང་ཟིང་འཁྲུག་སློང་བ་ནི་རིགས་སོ་སོའི་མི་དམངས་ཀྱི་ཆག་སྒོ་ཡིན་པར་ངེས་ཤེས་བརྟན་པོ་ཡོད་དགོས། རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་ལ་གནོད་པ་དང་། རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་པ། བཅའ་ཁྲིམས་དང་འགལ་བ། བོད་བརྒྱུད་ནང་བསྟན་གྱི་སྣང་བརྙན་དང་མཚན་སྙན་ལ་གནོད་པའི་དོན་དག་བཅས་གཏན་ནས་མི་བསྒྲུབ་པའི་ཁག་ཐེག་བྱ་དགོས།

རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པ། བཅའ་ཁྲིམས་ཀྱིས་སྤྱི་ཚོགས་ཀྱི་དྲང་སྙོམས་འཛིན་སྲུང་བྱེད་ཅིང་།བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན། གྲྭ་བཙུན་ནི་ཆོས་ལུགས་ལས་རིགས་མི་སྣ་ཡིན་ལ་སྤྱི་དམངས་ཕལ་བའང་ཡིན། དེའི་ཆོས་དད་རང་དབང་དང་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། དུས་མཚུངས་སུ་དགོན་སྡེ་དང་གྲྭ་བཙུན་གྱི་ཆོས་ལུགས་བྱེད་སྒོ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ལམ་ལུགས་ནང་སྤེལ་དགོས་པ་དང་། རང་རྟོགས་སྒོས་སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ་དང་ལེན་བྱེད་དགོས་ཤིང་རང་འགུལ་གྱིས་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱ་དགོས།

སྡོམ་ཁྲིམས་སྲུང་ཞིང་དམངས་ལ་ཞབས་འདེགས་ཞུ་བ། ཆོས་ཁྲིམས་སྲུང་ཞིང་བསླབ་ལ་བརྩོན་པ།སྡོམ་པ་གཙང་ཞིང་ཀུན་སྤྱོད་ཡག་པ། རང་གཅེས་རང་བཀུར་དང་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་སྣང་བརྙན་ཡག་པོ་བསྐྲུན་པའི་རྩ་བའི་བླང་བྱ་ཡིན། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཞིག་ཡིན་པའི་ཆ་ནས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགོན་པ་དགོན་པ་འདྲ་བ་དང་གྲྭ་བ་གྲྭ་བ་འདྲ་བ་བྱེད་དགོས་ཞེས་པའི་བཀའ་སློབ་དུས་ནམ་ཡང་མི་བརྗེད་པར་སྡོམ་པ་སྲུང་ཞིང་ཁྲིམས་བརྩི་བ། སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་སྒོ་ནས་དམ་པའི་ཆོས་བཞིན་བཅས་ཁྲིམས་སྲུང་ཞིང་། ཀུན་སྤྱོད་ཚད་ལྡན་དུ་བཏང་ནས་བོད་བརྒྱུད་ནང་བསྟན་དགོན་པ་ཉིད་ཁྲིམས་ལྟར་གྲྭ་བ་སྐྱོང་བ་དང་། ཚོགས་པ་འགྲིག་མཐུན་ཡོད་པ། ཚངས་སྤྱོད་ཡུན་གནས་ཀྱི་ཞི་བའི་གནས་སུ་འགྱུར་བ་དང་། གྲྭ་བཙུན་ཐམས་ཅད་ནི་བསླབ་ལ་བརྩོན་ཞིང་སྡོམ་ཁྲིམས་གཙང་མ་ཡོད་པ། སྒོམ་སྒྲུབ་ཟུང་འབྲེལ་བྱེད་པའི་སྟོན་པའི་རྗེས་འཇུག་པ་ཞིག་བྱ་དགོས། དུས་མཚུངས་སུ་ང་ཚོས་ངེས་པར་དུ་དགེ་བ་བསྒྲུབ་ནས་སྤྱི་ཚོགས་ལ་དྲིན་གཟོ་བ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་འདྲ་མཉམ་མཐུན་སྒྲིལ་དང་། འཆམ་མཐུན་བཟོད་པ། སྙིང་རྗེས་སྡུག་བསྔལ་ལས་སྒྲོལ་བའི་བསམ་བློ་དར་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱ་དགོས་ཤིང་། རང་འགུལ་གྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་པ་གང་ཡོད་འདོན་དགོས། ཆོས་དད་མང་ཚོགས་ལ་སློབ་གསོ་སྣེ་ཁྲིད་བྱས་ཏེ།དྲིན་ཤེས་ཤིང་དྲིན་གཟོ་བ་དང་འཆལ་གཏམ་མི་སྤེལ་བར་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་དགོས།

ང་ཚོས་མཉམ་དུ་ལག་རྡང་སྦྲེལ་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མིག་དཔེར་བཀུར་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མཉམ་དུ་འགྲོ་དྲུག་བདེ་ལ་འགོད་ཅིང་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་གསར་བ་ཞིག་བསྐྲུན་པར་བྱའོ།

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།