{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་ཟབ་སྦྱོང་།

དུས་ཚོད།2015--06--30--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།

 

          

 སློབ་མགོ་རྩོམ་པའི་མཛད་སྒོ།


      ཟླ6པའི་ཚེས24ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུུབ་བྱས་ཤིང་། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་གིས་འགན་སྒྲུབ་བྱས་པའི་སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཏུང་ཁྲིན་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། མཚོ་སྔོན་ཉེན་རྟོག་སློབ་གླིང་གི་ཏང་ཨུ་ཧྲུའུ་ཅི་གཞོན་པ། གླིང་གཙོ་གཞོན་པ་ཙའོ་ཡན་ཚོགས་འདུར་ཞུགས།
     ཁྲིན་ཏུང་ཁྲིན་གྱིས་ཚང་མས་ཐོབ་དཀའ་བའི་གོ་སྐབས་འདི་དམ་འཛིན་གྱིས་སློབ་ཁྲིད་ལ་ཉན་པ་དང་། བསམ་གཞིགས་བྱེད་པ། འབྲེལ་འདྲིས་ཤུགས་སྣོན་བྱས་ཏེ་འབད་བརྩོན་གྱིས་མི་རིགས་སྐད་ཡིག་ལོ་ཙཱའི་གཞུང་ལུགས་ཆུ་ཚད་དང་ལག་བསྟར་ནུས་པ་མཐོར་འདེགས་གཏོང་བ། གཟབ་ནན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བ་དང་འབྲེལ་བའི་འཐབ་ཇུས་བཀོད་སྒྲིག་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་ནས། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་སྐུལ་འདེད་ཐད་བྱས་རྗེས་འཇོག་དགོས་ཞེས་བསྟན།
        ད་ལོའི་ཟླ5བའི་ཚེས5ཉིན། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐད་གཉིས་མི་སྣའི་ཟབ་སྦྱོང་རྟེན་གཞིའི་སྒོ་བྱང་མཚོ་སྔོན་ཉེན་རྟོག་ལས་རིགས་སློང་གླིང་ནས་དངོས་སུ་བཀལ། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་སྒོ་བྱང་བཀལ་བའི་རྗེས་སུ་ཐོག་དང་པོར་སྒྲུབ་པའི་མི་རིགས་སྐད་ཡིག་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་ཡིན་ལ། ཟབ་སྦྱོང་གི་དུས་ཚོད་ནི་ཉིན8ཡིན། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་བཅས་ཀྱི་འབྲེལ་ཡོད་དགེ་རྒན་ཆེན་མོ་བ་དང་མགོ་ཁྲིད་མི་སྣས་སློབ་ཁྲིད་བྱས། སློབ་ཁྲིད་ཀྱི་ནང་དོན་ནི་མི་རིགས་གཞུང་ལུགས་སྲིད་ཇུས་དང་། མི་རིགས་སྐད་ཡིག་སྲིད་ཇུས་དང་ཁྲིམས་སྲོལ། མི་རིགས་སྐད་ཡིག་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སོགས་ཡིན། དེ་མིན་ད་དུང་སེམས་ཁམས་སློབ་སྟོན་དང་། ལུས་སྦྱོང་སོགས་ཀྱི་འབྲེལ་ཡོད་བྱ་འགུལ་སྤེལ། ཞིང་ཆེན་རིམ་པའི་སྡེ་ཁག་དང་། མཚོ་ཤར་ཁུལ། རང་སྐྱོང་ཁུལ་དྲུག འབྲེལ་ཡོད་རྫོང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་བཅས་ཀྱི་མི་རིགས་སྐད་ཡིག་བྱ་བ་སྒྲུབ་མཁན་དང་། ལོ་ཙཱ་བ་སོགས་ཁྱོན་བསྡོམས་མི60ཐེངས་འདིའི་ཟབ་སྦྱོང་ལ་ཞུགས།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕའོ་ཡུང་རེས་སློབ་ཁྲིད་བྱེད་བཞིན་པ།


མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་སློབ་ཁྲིད་བྱེད་བཞིན་པ།

ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་བོའུ་མའེ་ཏན་གྱིས་སློབ་ཁྲིད་བྱེད་བཞིན་པ།

ནན་ཏན་གྱིས་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ།



ཡུལ་དངོས་ཀྱི་ཟུར་ཞིག

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།