{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

བློ་མཐུན་མཁས་པས་ཐེ་ཝན་ཧོང་ཕུ་རྩ་འཛུགས་ལ་ཤིས་ཚིག་ཕུལ་བ།

དུས་ཚོད།2015--06--18--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

ཀྲུའུ་རིན་མཁས་པ་ལགས་ཀྱིས་ཐེ་ཝན་ཧོང་ཕུ་རྩ་འཛུགས་བཅར་འདྲི་ཚོགས་པར་ཤིས་ཚིག་ཕུལ་བ།

ཟླ6པའི་ཚེས10ཉིན། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ་ལགས་ཐེ་ཝན་ཧོང་ཕུ་རྩ་འཛུགས་བཅར་འདྲི་ཚོགས་པའི་དགའ་བསུ་བྱེད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཕྱི་ཕྱོགས་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བསྟན་ཁོ་ལགས་ཀྱིས་མངགས་བཅོལ་ལྟར་བློ་མཐུན་མཁས་པས་ཞིང་ཆེན་ཕྱི་ཕྱོགས་མཛའ་འབྲེལ་ཚོགས་པ་དང་ཞིང་ཆེན་ཧོང་ཕུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ཚབ་བྱས་ཏེ། བཅར་འདྲི་ཚོགས་པར་ལྷག་བསམ་འཁོལ་བའི་དགའ་བསུ་ཞུས་པ་རེད།

                                                  

       བློ་མཐུན་མཁས་པས་ཤིས་ཚིག་ཁྲོད་དུ་རང་ཞིང་གི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། ཉེ་བའི་ལོ་འགའི་ནང་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། “འཁོར་སྐྱོད་དཔལ་འབྱོར་སྔོན་སྐྱོད་ཁུལ”དང“སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ”བཅས་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་སོ་སོ་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་འཆམ་མཐུན་སྲ་བརྟན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྤྱིའི་ཆ་ནས་འབྱོར་འབྲིང་དུ་སླེབས་ཡོད་པར་བསྟན། ཁོང་གིས“ཀྲུང་ཧྭ་ཆིན་ཐེན་མཐུན་ཚོགས”དང“ཀྲུང་ཧྭ་དར་རྒྱས་སྐུལ་འདེད་མཐུན་ཚོགས”ཀྱིས་ཀྲུང་ཧྭ་མི་རིགས་གཅིག་སྡུད་དང་། མཐུན་སྒྲིལ་བསྐྱར་དར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་འགྲམ་གཉིས་ཀྱི་གཅིག་གྱུར་ལ་སྐུལ་འདེད་དང་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས་པ་སོགས་དགེ་མཚན་ལྡན་པའི་བྱ་བ་མང་པོ་བསྒྲུབས། འགྲམ་གཉིས་ཀྱི་ཧོང་ཕུའི་སློབ་གྲོགས་ཀྱི་མཛའ་བརྩེ་རྒྱ་མཚོ་ལས་གཏིང་ཟབ་པ་དང་། འགྲམ་གཉིས་ཀྱི་ཧོང་ཕུ་རྩ་འཛུགས་ཀྱིས“གོ་གཉིས་ལོའི་མོས་མཐུན”དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལག་རྡང་མཉམ་སྦྲེལ་གྱིས་འགྲམ་གཉིས་ཀྱི་ཐུན་མོང་ལེགས་ཚོགས་འཛུགས་སྐྲུན་བྱེད་པའི་དགོངས་འཆར་ལྔ་བོ་རྒྱུན་འཁྱོངས་སྒོས་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་བསྣན་ནས། ཐུན་མོང་ནས་འགྲམ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་ཞི་བདེ་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་པ་རེད།


  

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།