{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་མཁས་པ་ལགས་ཀྱིས“ནན་གསམ་རྣལ་གསུམ”གྱི་ཆེད་དོན་སློབ་ཁྲིད་གནང་བ།

དུས་ཚོད།2015--06--12--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

“ནན་གསམ་རྣལ་གསུམ”གྱི་ཆེད་དོན་སློབ་གསོ་ནན་ཏན་གྱིས་སྤེལ་ཆེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གནད་དོན་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས།  སྔོན་འགྲོའི་བྱ་བ་མང་པོ་བསྒྲུབས། ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་མཁས་པས་འགོ་ཁྲིད་ཀྱི་ཁོངས་མི་དང་ཚན་ཁག་གི་འགོ་གཙོར་རེ་རེ་བཞིན་གླེང་མོལ་བྱས་པ་དང་། རང་ལས་ཁུངས་སུ་གནས་པའི“ནན་མིན་རྣལ་མིན”སྐོར་གྱི་གནད་དོན་སྡུད་ལེན་བྱས་པ་དང་ཆབས་ཅིག ཆེད་དོན་རྟོག་ཞིབ་དང་ཀྲི་པུའུ་ཡི་བགྲོ་གླེང་། བསམ་འཆར་སྡུད་ལེན་སོགས་ཀྱི་ཐབས་ལ་བརྟེན་ནས་ཐིན་རིམ་པ་དང་ཁྲུའུ་རིམ་པའི་འགོ་ཁྲིད་ཁྲོད་གནས་པའི“ནན་མིན་རྣལ་མིན”སྐོར་གྱི་གནད་དོན་འཚོལ་ཞིབ་བྱས་པ་དང་འབུར་དུ་ཐོན་པའི་གནད་དོན་ཕྱོགས་བསྡུས་སྒོས་ཞིབ་འཇུག་བྱས། དེའི་ཐད་ཀྱི་གནད་དོན་དང་རང་ལས་ཁུངས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ཟླ5པའི་ཚེས25ཉིན་བློ་མཐུན་མཁས་པས《“ནན་གསམ་རྣལ་གསུམ”ལག་ལེན་མཐར་ཕྱིན་བྱས་ནས་མི་རིགས་ཆོས་ལུགས་བྱ་བ་ནན་མོ་རྣལ་མོས་བསྒྲུབས་དགོས》ཞེས་པ་བརྗོད་གཞིར་བྱས་ནས་ཏང་གི་ཆེད་དོན་སློབ་ཁྲིད་གནང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཙུང་ཧྲིག་གིས་མགོ་འཛིན་བྱས་པ་དང་། རང་ལས་ཁུངས་ཀྱི་འགོ་ཁྲིད་དང་ལས་བྱེད་ཡོངས་རྫོགས་སློབ་ཁྲིད་ལ་ཞུགས།


བློ་མཐུན་མཁས་པས་རང་ལས་ཁུངས་ཀྱི་བྱ་བའི་གནས་ཚུལ་དངོས་དང་འབྲེལ་ནས་“ནན་གསམ་རྣལ་གསུམ”གྱི་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལ་ཕུན་སུམ་ཚོགས་པའི་ནང་དོན་ལས་འཕྲོས་ཏེ། འགོ་ཁྲིད་པའི་ཁྲོད་དུ་གནས་པའི་“ནན་མིན་རྣལ་མིན”གྱི་མཚོན་སྟངས་དང་གནོད་པ་ཚབས་ཆེན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་“ནན་གསམ་རྣལ་གསུམ”ལག་ལེན་མཐར་ཕྱིན་བྱེད་པར་བླང་བྱ་གསལ་བོ་བཏོན།


བློ་མཐུན་མཁས་པས “ནན་གསམ་རྣལ་གསུམ”ནི་གནས་བབ་གསར་བ་དང་རྒྱུན་རྣམ་གསར་བའི་འོག་མི་རིགས་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་པའི་ཁག་ཐེག་ཡིན་པ་དང་། མཐར་དེད་ན་མི་རིགས་ཆོས་ལུགས་བྱ་བ་ནི་མང་ཚོགས་ཀྱི་བྱ་བ་སྒྲུབ་རྒྱུ་དེ་ཡིན། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་ཆོས་ལུགས་མི་སྣ་དང་གྲངས་ཉུང་མི་རིགས་མང་ཚོགས་དང་ཆོས་དད་མང་ཚོགས་ལ་འབྲེལ་འདྲིས་བྱ་དགོས་པས། སྤུས་ཚད་ཡག་པོ་ཞིག་དང་བསམ་སྤྱོད་ཡག་པོ་ཞིག་མེད་པ་དང་། མང་ཚོགས་ཀྱི་བློ་འགུག་ནུས་པའི་དྲང་ནུས་དང་མང་ཚོགས་ལ་མཐུན་སྒྲིལ་རྟིང་སྐུལ་བྱེད་པའི་བློ་སྤོབས་བཟང་བོ་ཞིག་མེད་ཚེ། བྱ་བ་ལེགས་པོ་ཞིག་སྒྲུབ་འདོད་པ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་ཡིན་པས། ཁྲིམས་བརྩི་སྒྲིག་སྲུང་དང་བྱ་བ་སྒྲུབ་ནུས་པ་དང་སྒྲུབ་ནས་དོན་འགྲུབ་པ་ཞིག་བྱ་དགོས་པ་དང་། བསམ་བློ་དང་ཆབ་སྲིད། སྤྱོད་ལམ་ཐད་ཚད་ལྡན་ཡིན་པའི་མི་རིགས་ཆོས་ལུགས་བྱ་བའི་ལས་བྱེད་དཔུང་སྡེ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་མི་རིགས་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་པའི་ཁག་ཐེག་གལ་ཆེན་ཡིན་ཞེས་བསྟན


ཁོང་གིས་ཏང་ཡོན་ལས་བྱེད་པས་བསམ་བློ་དང་ལག་ལེན་གཉིས་ཀའི་ཐད་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་སྟེང་གཅིག་གྱུར་ཡོང་བ་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ནས། རང་རྟོགས་ཀྱིས“ནན་གསམ་རྣལ་གསུམ”ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་བྱ་བ་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།