{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་བྱ་བར་ཆེད་དོན་རྟོག་ཞིབ་བྱས་པ།

དུས་ཚོད།2015--06--12--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

 ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་ཞིང་གི་ཆོས་ལུགས་བྱ་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་ཆེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་ནས་བདུན་པའི་བར་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བར་རྟོག་ཞིབ་བྱ་རྒྱུ་རེད།

        ཐེངས་འདིའི་རྟོག་ཞིབ་ཚན་ཆུང་གསུམ་དུ་བགོས་ཡོད་པ་དང་། ཡུལ་དངོས་བཅར་འདྲི་དང་བཞུགས་མོལ་གྲོས་ཚོགས་བསྡུས་པ། བསམ་འཆར་སྡུད་ལེན་བྱེད་པ། རྒྱུ་ཆར་བརྟག་ཞིབ་བྱེད་པ། འདྲི་ཤོག་བཅར་འདྲི། ཆེད་དོན་བགྲོ་གླེང་སོགས་ཀྱི་ཐབས་ལ་བརྟེན་ནས་རྟོག་ཞིབ་བྱ་རྒྱུ་རེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ལས་ཁུངས་ཀྱིས་ཐེངས་འདིའི་རྟོག་ཞིབ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། ཚན་གཙཕའི་འགོ་ཁྲིད་འོག “གཞི་རྩའི་གནས་ཚུལ་གསལ་བོར་ཤེས་པ་དང་གཞི་རྩའི་གནད་དོན་གོང་བསྒྲིགས་པ། གཞི་རྩའི་ཁྱད་ཆོས་ཤེས་པ། གཞི་རྩའི་གྲོས་གཞི་ལ་གཞི་འཛིན་ས་ཡོད་པ། གཞི་རྩའི་བསམ་འཆར་ལ་ནང་དོན་ཡོད་པ”བཅས་ཀྱི་བླང་བྱ་བཏོན་ཡོད་པ་དང་། གོ་ཆོད་ཅིང་སྤུས་ཀ་བཟང་ལ་ལག་ལེན་གྱི་ཁུངས་ལུང་ལྡན་པར་བྱས་ཏེ། གཞི་གྲངས་ཡང་དག་ཡིན་པ། དབྱེ་ཞིབ་གཏིང་ཟབ་པ། གནས་ཚུལ་གསལ་བོ་ཡིན་པ། བསམ་འཆར་ལ་གསར་གཏོད་ཀྱི་ཆ་ལྡན་པའི་རྟོག་ཞིབ་སྙན་ཞུ་ལེགས་པོ་ཞིག་བྲི་བར་རེ་བ་ནན་མོ་བཏོན་ཡོད།

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།