{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན།

དུས་ཚོད།2015--06--12--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

         ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ་ལགས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པར་བཀོད་སྒྲིག་བྱས་པ།

ཟླ5པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ་ལགས་ཀྱི་མགོ་འཛིན་འོག་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་བསྟན་ཁོ་ལགས་ཀྱི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་ཆེད་དོན་རྟོག་དཔྱོད་བཀོད་སྒྲིག་ཚོགས་འདུ་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་བཀོད་སྒྲིག་བྱས།

བློ་མཐུན་མཁས་པ་ལགས་ཀྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ནི་ཏང་ཀྲུང་དབྱང་གི་གནས་བབ་གསར་བར་དམིགས་ཏེ། རྒྱལ་གཅེས་གཅིག་སྒྲིལ་བྱ་བ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་ཆེད་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་གཞིགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། གསུང་བཤད་ལས་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་གཅིག་གྱུར་འཐབ་ཕྱོགས་བྱ་བ་ཇི་ལྟར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་ཚན་རིག་དང་མཐུན་པའི་ལན་བཏབས་པ་དང་།  བསམ་བློ་གསར་བ་དང་ལྟ་བ་གསར་བ། བླང་བྱ་གསར་བ་མང་པོ་ཞིག་བཏོན། དེ་ནི་གཅིག་གྱུར་འཐབ་ཕྱོགས་ལས་དོན་འཕེལ་རྒྱས་སུ་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ཡིན། ང་ཚོས་ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱ་དགོས་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས།

ཁོང་གིས་བསྟན་དོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་ཆེད། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་སྒྲིལ་བྱ་བར་ཆེད་དོན་རྟོག་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་སྒྲིལ་གྲོས་ཚོགས་ལ་སྟ་གོན་བྱ་རྒྱུ། རང་ལས་ཁུངས་ཀྱིས“ཆོས་ལུགས་བྱ་བའི་རྟོག་ཞིབ་ལས་འགན”སྒྲུབ་རྒྱུ་ཡིན་པས། མགོ་ཁྲིད་སོ་སོ་དང་ཚན་ཁག་གི་མགོ་ཁྲིད་ཀྱི་མཐོང་ཆེན་གང་ལེགས་བྱས་ཏེ། རྟོག་ཞིབ་བྱ་བ་ལེགས་པོར་སྒྲུབ་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་འདོན་པར་རྒྱུ་ཆ་ལེགས་པོ་མཁོ་སྤྲོད་བྱ་དགོས། ཁོང་གིས་རྟོག་ཞིབ་མགོ་གཙོ་སོ་སོས་རྩ་འཛུགས་མཐུན་སྦྱོར་གྱི་འགན་འཁུར་ཏེ། འགན་འཁུར་བགོ་བ་དང་རྟོག་ཞིབ་ཇུས་གཞི་ལེགས་པོ་བཟོ་བ། རྟོག་ཞིབ་མི་སྣ་བཀོད་སྒྲིག་ལེགས་པོ་བྱེད་པ། གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་རྟོག་ཞིབ་སྙན་ཞུ་བཟང་བོ་ཞིག་འབྲི་བ་སོགས་ཀྱི་ཐད་བླང་བྱ་ནན་མོ་བཏོན།

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།