མཚོ་སྔོན་མི་རིགས་སྐད་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།
ཟླ4བའི་ཚེས16ནས་ཚེས19ཉིན་བར།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས་སྐད་ཡིག་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས་ཤིང་།ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས་སོགས་ལོ་ཙཱ་དང་མི་རིགས་སྐད་ཡིག་སྲིད་ཇུས་ལ་ཞིབ་འཇུག་བྱེད་པའི་དགེ་རྒན་དྲུག་གདན་འདྲེན་ཞུས་ཡོད། གསོ་སྦྱོང་ལ་མཚོ་ནུབ་ཁུལ་དང་། མཚོ་བྱང་ཁུལ། རྨ་ལྷོ་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། མཚོ་ལྷོ་ཁུལ། མཚོ་ཤར་ས་ཁུལ་བཅས་ཀྱི་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་སྔོན་བོད་ཡིག་ཚགས་པར། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་བསླབ་གཞི་སྒྲིག་སྒྱུར་ལྟེ་གནས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་སྒྱུར་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱི་བསྡོམས་པས་མི་50ཞུགས་ཡོད། མགོ་རྩོམ་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཙུང་ཧྲིག་གིས་གཏམ་བཤད་གལ་ཆེན་གནང་།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་དང་མི་རིགས
སློབ་མགོ་རྩོམ་པའི་མཛད་སྒོ།
དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱིས་འཆད་ཁྲིད་བྱེད་བཞིན་པ།
མཉམ་པར།
- ·སྤྱི་ཨང་ལྔ་བཅུ་བ། 2015-06-11
- ·སྤྱི་ཨང་ཞེ་དགུ་པ། 2014-12-23
- ·《བོད་ཀྱི་བརྡ་ཆད་སྤྱི་བསྒྲགས་ཕྱོགས་བསྒྲིགས》འགྲེམས་སྤེལ་བྱས་པ།2013-07-05
- ·མཚོ་སྔོན་མི་རིགས་སྐད་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།2013-04-24
- ·བོད་བཙན་པོའི་བང་སོའི་རིག་གཞུང་གླེང་སྟེགས་སྐབས་དང་པོ།2012-11-09
- ·འཆམ་མཐུན་དགོན་པ་འཛུགས་སྐྲུན་བྱེད་པའི་གྲོས་འདོན་ཡི་གེ2012-08-07
- ·འཆམ་མཐུན་དགོན་པ་འཛུགས་སྐྲུན།2012-06-27
- ·ས་གདན་འགྲེམ་སྟོན་ཚོགས་འདུ་ཟི་ལིང་ནས་འཚོགས།2012-06-27
- ·གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་པེ་ཅིན་ནས་སྤེལ།2012-06-15
- ·མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་2012-06-11