{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

བོད་བཙན་པོའི་བང་སོའི་རིག་གཞུང་གླེང་སྟེགས་སྐབས་དང་པོ།

དུས་ཚོད།2012--11--09--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

   རྒྱལ་ཡོངས་བོད་བཙན་པོའི་དུས་ཀྱི་རིག་གནས་རིག་གཞུང་གླེང་སྟེགས་སྐབས་དང་པོ།

       ཉེ་ལམ། མཚོ་སྔོན་བོད་རིག་པའི་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི་གཏེར་ལམ་ས་ཆའི་བོད་བཙན་པོའི་བང་སོའི་རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་།རྒྱལ་ཁབ་རིམ་པའི་གནའ་རྫས་ཆེད་མཁས་པ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལན་ཀྲུའུ་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་པེ་ཅིན། བོད་ལྗོངས། སི་ཁྲོན། ཀན་སུའུ། ཅེ་ལིན་སོགས་ཚན་ཞིབ་སྡེ་ཁག་གི་ཆེད་མཁས་པ་དང་ཤེས་ཡོན་པ60ལྷག་ཞུགས་ཡོད་པ་དང་། གཏེར་ལམ་ས་ཆའི་བང་སོ་ལས་ཐོན་པའི་གནའ་རྫས་དང་། བོད་ཡིག རུས་པའིDNAཞིབ་འཇུག སྡོང་རིས་ལོ་ཚད་བརྟག་ཐབས་སོགས་ཟུར་ངོས་མི་འདྲ་བ་ནས་ཞིབ་འཇུག་སྙན་ཞུ་ཕུལ་བ་མ་ཟད། ཉེ་བའི་ལོ་འགའི་རིང་ཞིང་ཆེན་ནང་ཁུལ་གྱི་མི་ལ་ལས་གཟུར་གནས་མིན་པའི་ཞིབ་འཇུག་གི་སྡོམ་ཚིག་ལ་ཐུ་ལུ་ཧུན་གྱི་བང་སོ་ཡིན་པར་བཤད་པའི་འཆལ་གཏམ་ནོར་འཁྲུལ་དག་སེལ་བྱས་ཏེ། གཏེར་ལམ་ས་ཁུལ་གྱི་བང་སོ་ནི་བོད་བཙན་པོའི་དུས་ཀྱི་སྤུར་རྒྱལ་བང་སོ་བསྙོན་མེད་ཡིན་པ་ར་སྤྲོད་བྱས།

                                                གཏེར་ལམ་གྱི་ཤེའུ་བང་སོ་དང་པོ།


                                 ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་པ།

                                           ཆེད་མཁས་པས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

                                                  ཚོགས་རའི་ཟུར་ཞིག

                       ཆེད་མཁས་པ་དང་ཚོགས་ཞུགས་མི་སྣས་སྙན་ཞུར་གསན་བཞིན་པ།

          ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་སྡོང་རིས་ལོ་ཚད་ཞིབ་འཇུག་པས་སྙན་ཞུ་འབུལ་བཞིན་པ།

        བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་རྒན་པ་སངས་དབང་འདུས་ལགས་ཀྱི་གཏམ་བཤད་བཞིན་པ།

       མཚོ་སྔོན་གནའ་རྫས་ཞིབ་འཇུག་ཁང་དུ་གཏེར་ལམ་ནས་ཐོན་པའི་དུར་རྫས་དངོས་པོར་བལྟ་བཞིན་པ།


                  དུར་རྫས་ལ་
བལྟ་བཞིན་པ།

 

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།