{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།

དུས་ཚོད།2012--08--09--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།qhsmzw-zwགཏགཐེངས།
བོད་ཡིག་པར་ངོས།

                                    

                                                      

                                                                               ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་སྒྲུབ་པ་ལྷག་པ་ཕུན་ཚོགས་ལགས་ཀྱིས་འགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་གནང་བཞིན་པ།

                                                                            

                                           

                                                                                                                                                                            དཔྱད་གླེང་གྲོས་ཚོགས་ཀྱི་ཟུར་ཞིག

 

ཟླ8པའི་ཚེས2ཉིན། པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་བ་པེ་ཅིན་དུ་འགོ་ཚུགས་ཤིང་། ཐེངས་འདིའི་གྲོས་ཞིབ་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་།   ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་གོང་སྤེལ་མཐུན་ཚོགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད། ཀྲུང་གོ་དང་། ཉི་ཧོང་། སོག་པོ། རྒྱ་གར། དབྱིན་ཇི། ཧྥ་རན་སི། པར་ཙི་སོགས་རྒྱལ་ཁབ21ནས་ཡོང་བའི་རིག་གནས་པ267གྲོས་ཚོགས་སྟེང་ཞུགས་ཡོད་པ་རེད། 
  ཉིན་གསུམ་གྱི་རིང་དུ་བོད་རིག་པའི་རིག་གནས་པ་དེ་དག་གིས་བོད་ལྗོངས་ཀྱི་སྤྱི་ཚོགས་འགྱུར་ལྡོག་དང་རྒྱལ་སྤྱིའི་བོད་རིག་པའི་འཕེལ་ཕྱོགས་ཞེས་པའི་བརྗོད་གཞི་དང་དམ་པོར་འབྲེལ་ནས་བོད་ཀྱི་ལོ་རྒྱུས་དང་། སྤྱི་ཚོགས་དཔལ་འབྱོར། དགེ་ཆོས་ཞིབ་འཇུག ཆོས་ལུགས། སཾསྐྲྀཏ། ཚད་མ། གསོ་རིག སྐད་བརྡ་དང་ཆ་འཕྲིན་ལག་རྩལ་སོགས་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས11གི་དཔྱད་འབྲས་གསར་བ་དག་ཕན་ཚུན་བགྲོ་གླེང་དང་རྩད་སྡུར་རྒྱ་ཆེན་པོ་གནང་རྒྱུ་རེད།
  དབུ་ཚུགས་མཛད་སྒོའི་སྟེང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་སྒྲུབ་པ་ལྷག་པ་ཕུན་ཚོགས་ལགས་ཀྱིས་ཉེ་བའི་ལོ4ཡི་ནང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་འཕེལ་རྒྱས་གསར་བ་མཚམས་སྦྱོར་བྱས་པ་སྟེ། བོད་རིག་པའི་རིག་ཚན་འཛུགས་སྐྲུན་ཇེ་ལེགས་དང་། རིག་གཞུང་དཔྱད་འབྲས་ཚར་དུ་དངར་བ་བླངས་པ། དེ་མིན་བོད་རིག་པ་ཞིབ་འཇུག་གི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིད་དང་རིག་གཞུང་བགྲོ་གླེང་རྒྱ་ཇེ་ཆེ་རུ་སོང་བ་རེད་ཅེས་བརྗོད།
  ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་སྟེང་རིག་གཞུང་དཔྱད་རྩོམ238འབྱོར་བ་དང་། ཐའེ་ཝན་ཀྲུང་གོའི་རིག་གནས་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་དགེ་རྒན་ཆེན་མོ་ལཱིན་ཀོན་ཁྱུང་ལགས་དང་ཉི་ཧོང་ཏཱ་ཀའོ་སློབ་ཆེན་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་གྲོས་ཚོགས་སྟེང“བོད་ཀྱི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགསལས་ཐང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པ་གླེང་བ”ཞེས་པ་དང་། “བསྟན་པ་སྔ་དར་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་གླེང་བ”སོགས་དཔྱད་རྩོམ་འགའ་སྤེལ་བ་རེད།
  ཐེངས་འདིའི་ཚོགས་འདུ་ལ་ཚོགས་རའི་བགྲོ་གླེང་དང་རིག་གཞུང་རྟོག་ཞིབ་བཅས་ཁག་གཉིས་སུ་ཕྱེས་ཡོད་ཅིང་། ཚོགས་རའི་བགྲོ་གླེང་ནི་པེ་ཅིན་དུ་སྤེལ་བ་དང་། རིག་གཞུང་རྟོག་ཞིབ་དེ་བོད་ལྗོངས་ལྷ་ས་སོགས་སུ་སྤེལ་རྒྱུ་རེད།  ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ཟླ8པའི་ཚེས5ཉིན་བར་དུ་སྤེལ་བ་དང་། ཚོགས་འདུའི་སྐབས་སུ་བོད་རིག་པའི་དཔེ་དེབ་དང་། མཛེས་རིས་འགྲེམ་སྟོན། བོད་ཀྱི་རིག་གནས་འགྲེམ་སྟོན་བཅས་སྤེལ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྟེ་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ད་ལོ་ནས་བཟུང་ལོ་བཞིའི་ནང་ཐེངས་གཅིག་ལ་བསྡུས་ཏེ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཁྱབ་ཁོངས་ཀྱི་དཔྱད་འབྲས་གསར་བ་འགྲེམ་སྟོན་དང་། ཕན་ཚུན་འབྲེལ་འདྲིས་དང་མཉམ་འབྲེལ་བྱེད་པའི་སྟེགས་བུ་ཞིག་ཏུ་བསྐྲུན་རྒྱུ་རེད།


ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།