{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྐབས་དོན་གསར་འགྱུར། > ནང་དོན་གྱི་ངོས།

ས་གདན་འགྲེམ་སྟོན་ཚོགས་འདུ་ཟི་ལིང་ནས་འཚོགས།

དུས་ཚོད།2012--06--27--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

2012ཀྲུང་གོའི༼མཚོ་སྔོན༽བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་མཚོ་སྔོན་  

ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འཚོགས།

པར་འདི་ནི2012ཀྲུང་གོའི༼མཚོ་སྔོན༽བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོའི་ཟུར་ཞིག་རེད།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་འགོ་བརྩམས་པའི་མཛད་སྒོར་ཞུགས་པ་མ་ཟད་འགྲེམ་སྟོན་ཚོགས་འདུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལའོ་ཧའེ་ཉིན་འགོ་བརྩམས་པའི་མཛད་སྒོ་ལ་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་སོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།  ཧྲིན་ཀྲང་གཞོན་པ་བང་ལིན་ཅོན་གྱིས་འགོ་བརྩམས་པའི་མཛད་སྒོ་ལ་འགོ་འཛིན་བྱས།


              པར་འདི་ནི་ལྟད་མོ་བ་གཉིས་ཀྱིས་བོད་ལུགས་ས་གདན་ལ་ཞིབ་ལྟ་བྱེད་བཞིན་པའི་ཚུལ་རེད།

ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་འགྲེམ་སྟོན་བྱེད་ས790ལྷག་ཡོད་ལ། དེའི་ཁྲོད་ཕྱིའི་རྒྱལ་གྱི་འགྲེམ་སྟོན་བྱེད་ས280དང་རྒྱལ་ནང་གི་འགྲེམ་སྟོན་བྱེད་ས350། ལག་ཡོད་ཚོང་ཟོག་འགྲེམ་སྟོན་བྱེད་ས160བཀོད་སྒྲིག་བྱས་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི3ལྷག་ཡོད་ལ་རྒྱལ་ཁབ་ཕྱི་ནང་གི་ཚོང་བ5000ལྷག་ཞུགས་ཡོད་པ་རེད།  ཞུགས་པའི་རྒྱལ་ཁབ་ལ་འཛམ་གླིང་གི་ལག་ཤེས་བཟོ་ལས་ཀྱི་ས་གདན་ཐོན་སྐྱེད་བྱེད་པའི་རྒྱབ་ཁབ་གཙོ་བོ་སྟེ་རྒྱ་གར་དང་བལ་བོ། དབྱི་ལིང་། ཨ་ཧྤུ་ཧན། འཇར་མན་བཅས་རྒྱལ་ཁབ7གྱི་ཁེ་ལས112ཐེངས་འདིའི་འགྲེམ་སྟོན་སྟེང་ཞུགས་པ་དང་། ཨ་མེ་རི་ཁ་དང་ཁ་ན་ཏ། འཇར་མན། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། ཨོ་སི་ཁྲུ་རི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ29ཡི་ཁེ་ལས62ཚོགས་འདུའི་སྟེང་ཞུགས་ཡོད་ལ ། རང་རྒྱལ་གྱི་ཀོང་ཏུང་དང་ཀན་སུའུ། ཞིན་ཅང་། ཐེན་ཅིན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར17ནས་ཡོང་བའི་ཁེ་ལས127ལྷག་ཞུགས་ཡོད།

    ཀྲུང་གོའི༼མཚོ་སྔོན༽བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུ་ད་ལྟའི་བར་ཐེངས་བརྒྱད་ལ་འཚོགས་པས་མིག་སྔར་ས་གདན་ཐོན་སྐྱེད་དང་ལས་སྣོན་རྒྱལ་ཁབ་ཀྱིས་སྒྲུབ་པའི་ཆེས་ཤུགས་རྐྱེན་ཆེ་ཞིང་རྒྱལ་སྤྱི་རང་བཞིན་གྱི་ས་གདན་ཐོན་ལས་ཀྱི་ཚོགས་འདུ་ཞིག་ཡིན་པ་དང་རྒྱལ་སྤྱིའི་ས་གདན་ལས་རིགས་བརྗེ་རེས་དང་མཉམ་ལས་བྱེད་པའི་གར་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། །

 

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།