{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ནང་དོན་གྱི་ངོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས།

དུས་ཚོད།2012--05--31--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

ལེའུ་དང་པོ། སྤྱིའི་དོན་ཚན།

རྩྭ་ཐང་སྲུང་སྐྱོང་།འཛུགས་སྐྲུན།བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུ་དང་།སྐྱེ་ཁམས་ལེགས་བཅོས་ཀྱིས་སྐྱེ་དངོས་སྣ་མང་ཡོང་ཐབས་བྱ་རྒྱུ།དེང་རབས་འབྲོག་ལས་གོང་དུ་སྤེལ་ཏེ་དཔའ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་ཉིད་བཟོས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རྩྭ་ཐང་འཆར་འགོད། སྲུང་སྐྱོང་། འཛུགས་སྐྲུན། བེད་སྤྱོད། དོ་དམ་བཅས་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་ཆོག་བཅའ་ཁྲིམས་འདིར་གསལ་བའི་རྩྭ་ཐང་ནི་རང་བྱུང་རྩྭ་ཐང་དང་མིའི་ཐབས་ཀྱིས་བཟོས་པའི་རྩྭ་སར་གོ

ལེའུ་གཉིས་པ། རྩྭ་ཐང་བདག་དབང་གི་སྐོར།

རྩྭ་ཐང་ལས་བཅའ་ཁྲིམས་སུ་ཐུན་མོང་ལ་དབང་བར་གཏན་འབེབས་བྱས་རིགས་ཕུད།དེ་བྱིངས་ཚང་མ་རྒྱལ་ཁབ་ལ་དབང་།རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚབ་ཏུ་བདག་དབང་སྤྱོད་རྒྱུ།སྡེ་ཚན་གང་ཞིག་གམ་སྐྱེ་བོ་སུ་ཞིག་ཡིན་རུང་རྩྭ་ཐང་བཙན་བཟུང་དང་ཉོ་ཚོང་ངམ་བྱེད་སྟངས་གཞན་དག་གིས་ཁྲིམས་འགལ་གྱིས་རྩྭ་ཐང་བརྒྱུད་བཤུག་བཅས་བྱ་མི་ཆོག་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་གང་ཞིག་ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་ཐུན་མོང་ལ་དབང་བའི་དཔལ་འབྱོར་རྩ་འཛུགས་སོགས་ལ་སྤྲོད་པར་གཏན་འབེབས་བྱས་ཕྱིན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་བཀོད་ནས་བེད་སྤྱོད་བྱེད་དབང་ལག་ཁྱེར་ཞིབ་སྤྲོད་ཀྱིས་རྩྭ་ཐང་བེད་སྤྱོད་བྱེད་དབང་ཁས་ལེན་བྱ་རྒྱུ།རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་བེད་སྤྱོད་བྱེད་དབང་སུ་ལ་ཡོད་མེད་གཏན་འཁེལ་བྱས་མེད་པ་ཞིག་ཡིན་ཕྱིན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་འགོད་རྒྱུ་མ་ཟད།སྲུང་སྐྱོང་དང་དོ་དམ་བྱེད་འགན་འཁུར་རྒྱུ།ཐུན་མོང་ལ་དབང་བའི་རྩྭ་ཐང་ཡིན་ཕྱིན།རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་བཀོད་ནས་བདག་དབང་ལག་ཁྱེར་ཞིབ་སྤྲོད་ཀྱིས་རྩྭ་ཐང་བདག་དབང་ཁས་ལེན་བྱ་རྒྱུ།ཁྲིམས་ལྟར་རྩྭ་ཐང་བདག་ཁོངས་བསྒྱུར་རྒྱུ་ཡིན་ན།རྩྭ་ཐང་བདག་ཁོངས་བསྒྱུར་རྒྱུའི་ཐོ་འགོད་འགྲོ་ལུགས་ལྟར་བྱ་དགོས།རྩྭ་ཐང་བདག་གཉེར་འགན་གཙང་ལེན་བྱེད་པར་འགན་སྤྲོད་ཕྱོགས་དང་འགན་ལེན་ཕྱོགས་གཉིས་ཀྱིས་ཡིག་ཐོག་ནས་གན་རྒྱ་འཇོག་དགོས།རྩྭ་ཐང་གི་བདག་དབང་དང་བེད་སྤྱོད་བྱེད་དབང་སྐོར་གྱི་རྩོད་གཞི་ནི་དོ་བདག་གིས་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུ་དང་།གྲོས་ཐག་མ་ཆོད་ཚེ།འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ།རྩྭ་ཐང་གཏོགས་ཁོངས་སྐོར་གྱི་རྩོད་གཞི་ཐག་གཅོད་མ་བྱས་གོང་ལ་ཕྱོགས་གང་རུང་ཞིག་གིས་ད་ལྟའི་རྩྭ་ཐང་བེད་སྤྱོད་བྱེད་ཚུལ་བསྒྱུར་མི་ཆོག་པ་དང་།རྩྭ་ཐང་དང་རྩྭ་ཐང་ཐོག་གི་སྒྲིག་བཀོད་གཏོར་བཤིག་བཏང་མི་ཆོག

ལེའུ་གསུམ་པ། འཆར་འགོད་བྱེད་ཕྱོགས་སྐོར།

རྩྭ་ཐང་སྲུང་སྐྱོང་དང་།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་འགོད་པར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་གཞིར་འཛིན་རྒྱུ་དང་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ།

གཅིག སྐྱེ་ཁམས་ལེགས་བཅོས་དང་།སྐྱེ་དངོས་སྣ་མང་ཡོང་ཐབས་བྱས་ནས་རྩྭ་ཐང་རྒྱུན་མཐུད་དང་བེད་སྤྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དང་།

གཉིས། ད་ཡོད་རྩྭ་ཐང་རྨང་གཞིར་བྱས་ནས་ཡུལ་བབ་དང་བསྟུན་ཏེ་འཆར་འགོད་གཅིག་གྱུར་དང་རིགས་ཕྱེ་ཁྲིད་སྟོན་བྱ་རྒྱུ།

གསུམ། སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་སྟེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁག་བགོས་ལེགས་བཅོས། བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུ།

བཞི། སྐྱེ་ཚུལ་གྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོག་ས་ཀྱི་ཕན་འབྲས་བཅས་ཟུང་འབྲེལ་བྱ་རྒྱུ་བཅས་ཡིན།

རྒྱལ་ཁབ་ཀྱིས་རྩྭ་ཐང་ལ་བརྟག་དཔྱད་བྱེད་པའི་ལམ་ལུགས་འཛུགས་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཡོངས་ཀྱི་རྩྭ་ཐང་གི་རིམ་གྲས་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་ཚད་གཞི་བཟོ་རྒྱུ།རྒྱལ་ཁབ་ཀྱིས་རྩྭ་ཐང་སྐོར་གྱི་བསྡོམས་རྩིས་ལམ་ལུགས་འཛུགས་རྒྱུ།རྒྱལ་ཁབ་ཀྱིས་རྩྭ་ཐང་གི་ཐོན་སྐྱེད་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་མ་ལག་འཛུགས་རྒྱུ།

ལེའུ་བཞི་པ། འཛུགས་སྐྲུན་བྱེད་ཕྱོགས་སྐོར།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་འཛུགས་སྐྲུན་བྱེད་པར་མ་དངུལ་མང་དུ་བཏང་སྟེ་རྩྭ་ཐང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། རྫོང་རིམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་པ་དང་འབྲོག་པར་རྩྭ་ཐང་ར་སྐོར་དང་། གཟན་རྩྭ་དང་གཟན་ཆག་གསོན་འཇོག ཕྱུགས་ར། འབྲོག་པའི་གཞིས་ཆགས་ས་སོགས་པའི་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། བསྟོད་སྐུལ། ཁྲིད་སྟོན་བཅས་བྱ་དགོས། རྩྭ་སོན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་སོན་བཟང་འདེམས་དང་། ནང་འདྲེན། ཁྱབ་གདལ་བཅས་བྱེད་པར་བསྟོད་སྐུལ་བྱ་དགོས། མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་དང་། མེ་འགོག་དངོས་རྫས་གསོག་འཇོག མེ་འགོག་བར་བཅད་ས་རྒྱུད་སོགས་རྩྭ་ཐང་གི་མེ་འགོག་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་མེ་འགོག་གི་དགོས་མཁོ་སྐོང་བར་འགན་ལེན་ཏན་ཏིག་བྱ་དགོས།

ལེའུ་ལྔ་པ། བེད་སྤྱོད་བྱེད་ཕྱོགས་སྐོར།

རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་རྩྭ་ཐང་བེད་སྤྱོད་ལུགས་མཐུན་བྱ་དགོས་པ་ལས།རྩྭ་ཐང་གི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཕྱུགས་ཟོག་ཤོང་ཚད་ལས་བརྒལ་མི་ཆོག འབྲོག་ཁུལ་གྱི་རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་དང་ཕྱུགས་ཁྱུ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་རྩྭ་ཐང་བེད་སྤྱོད་སྙོམས་པོར་བྱ་དགོས།གཏེར་ཁ་སྔོག་འདོན་དང་ལས་གྲྭ་འཛུགས་སྐྲུན་བྱེད་པར་རྩྭ་ཐང་མི་བཟུང་བའམ་ཉུང་ཙམ་ལས་མི་བཟུང་བ་བྱ་དགོས་ཤིང་།དངོས་འབྲེལ་རྩྭ་ཐང་བསྡུ་སྒྲུག་གམ་བསྡུ་སྤྱོད་དམ་བེད་སྤྱོད་བྱ་དགོས་ན་ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་ཡིད་མཐུན་བྱས་པའི་རྗེས་སུ་ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆར་ཞིབ་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས།རྩྭ་ཐང་གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་ཐང་ཐོག་ཏུ་གཏན་ཚུགས་ཀྱི་རྩིག་བཟོས་དང་བཟོ་བཀོད་དངོས་པོ་གསར་སྐྲུན་བྱས་མི་ཆོག

ལེའུ་དྲུག་པ། སྲུང་སྐྱོང་བྱེད་ཕྱོགས་སྐོར།

མྱ་ངམ་ཐང་དང་བྱེ་ས་ཕྱེད་ཙམ་གྱི་ས་ཁུལ་དང་།སྐྱེ་ནུས་ཉམས་པ་དང་།བྱེ་ཐང་ཅན།བ་ཚྭ་ཅན།བྱེ་རྡོ་ཅན་བཅས་སུ་འགྱུར་ཚབས་ཆེ་བ།ས་ཆུ་ཚབས་ཆེན་ཤོར་བ་བཅས་ཀྱི་རྩྭ་ཐང་དང་དེ་བཞིན་སྐྱེ་ཁམས་ཞན་ཁུལ་གྱི་རྩྭ་ཐང་ཐོག་རྩི་ཤིང་རྐོ་འཐུང་དང་རྩྭ་ཐང་གི་སྤང་ཤུན་གཏོར་བརླག་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག རྩྭ་ཐང་ཐོག་ས་ལེན་དང་།བྱེ་འདྲུ།རྡོ་རྐོ་ལ་སོགས་པའི་ལས་ཀ་བྱ་དགོས་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས་པ་དང་།གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱ་དགོས་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས་པ་དང་།གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱ་དགོས་ན།ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་ཆབས་སྦྲགས་སུ་འགྲིམ་དགོས།རྩྭ་ཐང་ཐོག་བདག་གཉེར་རང་བཞིན་ལྡན་པའི་ཡུལ་སྐོར་བྱེད་སྒ་སྤེལ་བར་རྩྭ་ཐང་སྲུང་སྐྱོང་དང་།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་སྐོར་གྱི་འཆར་གཞི་དང་མཐུན་དགོས།སྔོན་ལ་རྫོང་རིམ་པ་ཡན་གྱི་ས་གནས་མ་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་མོས་མཐུན་འཐོབ་མཚམས་ད་གཟོད་འབྲེལ་ཡོད་འགྲོ་ལུགས་འགྲིམས་ཆོག རྩྭ་ཐང་གི་སྤང་ཤུན་གཏོར་བརླག་བཏང་མི་ཆོག ཉེན་སྐྱོབ་གནོད་སེལ་དང་འབྲོག་པ་རུ་སྤོ་བར་སྤྱོད་པའི་འཕྲུལ་སྒུལ་འཁོར་ལོ་ཕུད།འཕྲུལ་སྒུལ་འཁོར་ལོ་བགྲོད་ལམ་དང་བྲལ་ནས་རྩྭ་ཐང་ཐོག་བསྐྱོད་དེ་རྩྭ་ཐང་གི་སྤང་ཤུན་གཏོར་སྐྱོན་བཏང་མི་ཆོག

ལེའུ་བདུན་པ།ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དབང་ཡོད་པ་སྟེ།གཅིག ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་ནས་རྩྭ་ཐང་དབང་ཁོངས་ཀྱི་འབྲེལ་ཡོད་ཡིག་ཆ་དང་དཔྱད་ཡིག་འདོན་སྤྲོད་བྱས་ནས་ཀློག་བཤེར་རམ་འདྲ་བཟོ་བྱ་རྒྱུའི་བླང་བྱ་འདོན་པ་དང་།གཉིས།ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་ནས་རྩྭ་ཐང་དབང་ཁོངས་སོགས་པའི་གནད་དོན་ལ་གསལ་བཤད་བྱ་དགོས་པའི་བླང་བྱ་འདོན་པ།གསུམ།ཁྲིམས་འགལ་གནས་ཚུལ་བྱུང་སར་བསྐྱོད་ནས་པར་རྒྱག་དང་།བརྙན་ལེན།རྩད་ཞིབ་ཐིག་ལེན་བཅས་བྱ་རྒྱུ།བཞི།ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་ཡང་ན་མི་སྒེར་ནས་རྩྭ་ཐང་སྐོར་གྱི་བཅས་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་མཚམས་བཞག་ནས་ཁྲིམས་བཀོད་འོས་འགན་སྒྲུབ་ཏུ་འཇུག་རྒྱུ་བཅས་སོ།

ལེའུ་བརྒྱད་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

རྩྭ་ཐང་ཉོ་ཚོང་ངམ་ཡང་ན་བྱེད་སྟངས་གཞན་དག་གི་ཐོག་ནས་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་།ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།ཆོག་མཆན་མ་ཐོབ་པའམ་ཡང་ན་གཏན་འབེབས་བྱས་པའི་དུས་ཚོད་དང་།ས་ཁོངས།རྐོ་འདྲུ་བྱེད་སྟངས་བཅས་ལྟར་ས་ལེན་དང་།བྱེ་འདྲུ།རྡོ་རྐོལ་སོགས་པའི་བྱེད་སྒོ་མ་སྤེལ་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དུས་བཅད་ནང་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང་།ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག རྩྭ་ཐང་དབང་མཁན་ནམ་སྤྱོད་མཁན་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

ལེའུ་དགུ་པ། ཞར་བྱུང་དོན་ཚན།

བཅའ་ཁྲིམས་འདིར་གསལ་དོན་ཚན་གཉིས་པའི་ནང་གསེས་དོན་ཚན་གཉིས་པའི་ནང་ཟེར་བའི་རང་བྱུང་རྩྭ་ཐང་གི་ཁོངས་རྩྭ་ས་དང་།སྤང་རི།སྤང་ལྡེབས་བཅས་ཚུད་པ་དང་། མིས་བཟོས་རྩྭ་སའི་ཁོངས་སུ་ལེགས་བཅོས་བྱས་པའི་རྩྭ་ས་དང་ཞིང་འདོར་རྩྭ་གསོའི་ས་ཆ་ཚུད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ན་ཁ་དེའི་ནང་ཚུད་མེད།  །



འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།