{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ནང་དོན་གྱི་ངོས།

མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག

དུས་ཚོད།2012--08--07--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།qhsmzw-zwགཏགཐེངས།
བོད་ཡིག་པར་ངོས།

༢༠༠༩ལོའི་ཟླ༧པའི་ཚེས༣༡ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་སྟེང་གྲོས་འཆམ་བྱུང་།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པ་དང་། ཆོས་ལུགས་བར་གྱི་མཛའ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བྱེད་པ། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ་སོགས་གཞིར་བཟུང་སྟེ། རང་ཞིང་གི་གནས་ཚུལ་དངོས་ལ་དམིགས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད། རྩ་འཛུགས་སམ་མི་སྒེར་གང་ཞིག་ཡིན་རུང་སྤྱི་དམངས་ལ་བཙན་ཤེད་ཀྱིས་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་དད་པ་བྱེད་དུ་མི་འཇུག་པའི་རིགས་བྱ་མི་ཆོག་ལ།   ཆོས་ལུགས་ལ་དད་པའི་སྤྱི་དམངས་སམ་ཆོས་ལུགས་ལ་མི་དད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱ་མི་ཆོག

ཆོས་དད་པ་དང་ཆོས་ལ་མི་དད་པ། དད་པ་བྱ་ཡུལ་མི་འདྲ་བའི་སྤྱི་དམངས་བཅས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་མཛའ་མཐུན་མཉམ་གནས་བྱ་དགོས།

དོན་ཚན་གསུམ་པ།      ཆོས་ལུགས་བྱེད་སྒོ་སྤེལ་བར་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་ཡིག་བཅས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱ་དགོས།     རྩ་འཛུགས་སམ་མི་སྒེར་གང་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དང་།    སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོ་དང་ཁྲིམས་འཛིན།   འཆར་ལྡན་བུ་སྐྱེའི་ལམ་ལུགས་སོགས་ལ་འགོག་རྐྱེན་བཟོ་བ།  རྒྱལ་ཁབ་དང་སྤྱི་པའི་ཁེ་ཕན།  སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱེད་སྒོ་གཞན་དག་སྤེལ་མི་ཆོག

དོན་ཚན་བཞི་བ། ཆོས་ལུགས་སོ་སོས་རང་ཚུགས་དང་། རང་བདག རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས།    ཆོས་ལུགས་ལས་དོན་བཅས་ལ་རྒྱལ་ཕྱིའི་སྟོབས་ཤུགས་ཀྱིས་ཐེ་ཇུས་མི་གཏོང་བ་བྱ་དགོས།

དོན་ཚན་ལྔ་བ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་སྲིད་འཛིན་དོ་དམ་བྱ་དགོས་པ་མ་ཟད། རིམ་པ་གོང་མའི་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱ་དགོས།     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་འཁྲིའི་འགན་བབ་ཁྱབ་ཁོངས་ནས་ཁྲིམས་ལྟར་འབྲེལ་ཡོད་སྲིད་འཛིན་དོ་དམ་བྱ་བའི་འགན་འཁུར་དགོས།

ཤངམི་རིགས་ཤང་། གྲོང་རྡལམི་དམངས་སྲིད་གཞུང་དང་སྲང་ལམ་དོན་སྒྲུབ་ཁང་གིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་མཛུབ་སྟོན་འོག    ས་ཁུལ་དེའི་ཆོས་ལུགས་ལས་དོན་དོ་དམ་བྱ་བ་ལེགས་པོ་བསྒྲུབ་པར་མཐུན་སྦྱོར་གང་ལེགས་བྱ་དགོས།

སྡེསྡོད་དམངས། འབྲོག་དམངས།དམངས་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་དོན་སྡེ་ཁག་ལ་རམ་འདེགས་བྱས་ནས་ཆོས་ལུགས་ལས་དོན་དོ་དམ་ཞབས་ཕྱིའི་བྱ་བ་ལེགས་པོར་བསྒྲུབ་དགོས།

ལེའུ་གཉིས་པ། ཆོས་ལུགས་ཚོགས་པ།

དོན་ཚན་དྲུག་པ།     སྲོལ་ཡིག་འདིའི་ནང་གི་ཆོས་ལུགས་ཚོགས་པ་ཞེས་པ་ནི།     ཁྲིམས་ལྟར་བཙུགས་པའི་ནང་བསྟན་མཐུན་ཚོགས་དང་།  ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས།   དབྱི་སི་ལན་ཆོས་ལུགས་མཐུན་ཚོགས།  གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ།     གནམ་བདག་ཆོས་ལུགས་ཆོས་དོན་ཨུ་ཡོན་ལྷན་ཁང་། ཡེ་ཤུ་ཆོས་ལུགས་མཐུན་ཚོགས། ཡེ་ཤུ་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཆོས་ལུགས་རྩ་འཛུགས་བསྟན་པ་ཡིན།

དོན་ཚན་བདུན་པ།       རང་ཞིང་གི་སྲིད་འཛིན་ས་ཁོངས་ནས་ཆོས་ལུགས་ཚོགས་པ་འཛུགས་དགོས་ཚེ། སྤྱི་ཚོགས་ཚོགས་པའི་ཐོ་འགོད་དོ་དམ་སྲོལ་ཡིགགི་གཏན་འབེབས་ལྟར། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་འཐད་པ་བྱུང་རྗེས། རིམ་པ་དེའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་སྙན་ཞུ་བྱས་ནས་ཐོ་འགོད་བྱ་དགོས་པ་མ་ཟད།   ཞིབ་བཤེར་འཐད་པ་འབྱུང་མཁན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་སེང་ཞུ་ནས་ཐོ་འགོད་བྱ་དགོས།

ཆོས་ལུགས་ཚོགས་པས་ཐོ་འགོད་བྱས་པའི་ནང་དོན་ལ་འགྱུར་བ་གཏོང་བའམ་ཐོ་ཁོངས་ནས་སུབ་དགོས་ན་དེ་སྔའི་ཞིབ་བཤེར་དང་ཐོ་འགོད་ལས་ཁུངས་ནས་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་བརྒྱད་པ།    ཆོས་ལུགས་ཚོགས་པས་སྒྲིག་ཡིག་གི་གཏན་འབེབས་ལྟར་བྱེད་སྒོ་སྤེལ་བ་དང་། དོ་དམ་ལམ་ལུགས་སྣ་ཚོགས་འཐུས་ཚང་བ་ཞིག་འཛུགས་དགོས་ཤིང་། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ། ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་བ་དང་། ཆོས་ལུགས་ལས་དོན་སྡེ་ཁག་ལ་རམ་འདེགས་བྱས་ནས་ཆོས་ལུགས་ལས་དོན་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས།

དོན་ཚན་དགུ་བ།   ཆོས་ལུགས་ཚོགས་པའམ་དགོན་པ།  ཏའོ་ཅའོ་དགོན་པ།  ཁ་ཆེའི་ཕྱག་ཁང་། ཡེ་ཤུའི་ལྷ་ཁང་ནས་ཆོས་ལུགས་དེ་གའི་ཚོགས་པའམ་ཆོས་ལུགས་དེ་གའི་བྱེད་སྒོ་སྤེལ་ས་ལས་གཞན་པའི་མི་སྣ་ཞུགས་པའི་ཆོས་ལུགས་གསོ་སྦྱོང་འཛིན་གྲྭ་བསྒྲུབ་ན།  ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས།       ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་བ།       ཆོས་ལུགས་གསོ་སྦྱོང་འཛིན་གྲྭ་བསྒྲུབ་ན་གཤམ་གསལ་གྱི་ཆ་རྐྱེན་རྣམས་འཛོམས་དགོས།

གཅིགགསོ་སྦྱོང་བྱེད་པའི་དམིགས་འབེན་གསལ་བོ་ཞིག་ཡོད་དགོས།

གཉིསགསོ་སྦྱོང་དུས་ཡུན་དང་ཚོགས་ཐེངས། བསླབ་བྱ་བཀོད་སྒྲིག་གི་འཆར་གཞི་ལུགས་དང་མཐུན་པ་ཞིག་ཡོད་དགོས།

གསུམཆོས་ལུགས་ཀྱི་ཤེས་ཡོན་ལྡན་པའི་དགེ་རྒན་ཚད་ལྡན་ཡོད་དགོས།

བཞིའཛིན་གྲྭ་བསྒྲུབ་པའི་དགོས་ངེས་ཀྱི་མ་དངུལ་ཡོད་དགོས།

ཆོས་ལུགས་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་གི་ནང་དོན་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཡིག སྲིད་ཇུས་བཅས་དང་འགལ་མི་ཆོག་ལ། གསོ་སྦྱོང་གི་མི་གྲངས་དེ་གསོ་སྦྱོང་བྱེད་སའི་ཤོང་ཚད་ཀྱི་གཞི་ཁྱོན་ལས་བརྒལ་མི་ཆོག

དོན་ཚན་བཅུ་གཅིག་པ།    ཆོས་ལུགས་ཚོགས་པས་རང་ཞིང་གི་སྲིད་འཛིན་ས་ཁོངས་ནས་ཆོས་ལུགས་རིག་པའི་ཚོགས་འདུ་བསྡུ་དགོས་ཚེ།     ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས། ཆོས་ལུགས་རིག་པའི་རྒྱལ་སྤྱིའི་ཚོགས་འདུ་བསྡུ་བའི་རེ་བ་ཞུ་ཚེ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་བསམ་འཆར་འདོན་དགོས།   འཐད་པ་བྱུང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་གནང་བའི་སྙན་ཞུ་འབུལ་དགོས།

དོན་ཚན་བཅུ་གཉིས་པ།    རང་ཞིང་གི་སྲིད་འཛིན་ས་ཁོངས་ནས་རྩ་འཛུགས་སམ་མི་སྒེར་གང་ཞིག་ཡིན་རུང་གནས་མཇལ་བྱ་འགུལ་རྩ་འཛུགས་བྱ་མི་ཆོག

ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་དབྱི་སི་ལན་ཆོས་ལུགས་ཚོགས་པའི་བླང་བྱ་དང་འབྲེལ་ཡོད་གཏན་འབེབས་ལྟར། རང་ཞིང་གི་དབྱི་སི་ལན་གནས་མཇལ་བྱ་འགུལ་གྱི་མིང་ཐོ་འགོད་པ་དང་ཞབས་ཕྱིའི་བྱ་བའི་འགན་འཁུར་དགོས།

ལེའུ་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས།

དོན་ཚན་བཅུ་གསུམ་པ། སྲོལ་ཡིག་འདིའི་ནང་གི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཞེས་པ་ནི། ཁྲིམས་ལྟར་ཐོ་འགོད་བྱས་ནས་ཆོས་ལུགས་བྱེད་སྒོ་སྤེལ་བའི་ནང་བསྟན་དགོན་པ་དང་།   ཏའོ་ཅའོ་དགོན་པ། ཁ་ཆེའི་ཕྱག་ཁང་། གནམ་བདག་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་ཀྱི་ལྷ་ཁངགཤམ་དུ་དགོན་སྡེ་ལྷ་ཁང་ཞེས་འབྱུང་དང་། ཆོས་དད་སྤྱི་དམངས་ཀྱིས་དུས་རྒྱུན་དུ་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་སྤེལ་བའི་བརྟན་འཇགས་ཀྱི་གནས་གཞན་དག་བསྟན་པ་ཡིན།

དོན་ཚན་བཅུ་བཞི་བ།      དགོན་སྡེ་ལྷ་ཁང་གསར་དུ་འཛུགས་རྒྱུའི་གྲ་སྒྲིག་བྱེད་ན་རྒྱལ་ཁབ་གྱི་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་དགོས་ཤིང་།     ཆོས་ལུགས་ཚོགས་པས་འཛུགས་ཡུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་འདུན་སྙན་ཞུ་འབུལ་དགོས།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རེ་འདུན་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཐོག་མའི་བསམ་འཆར་འདོན་དགོས་པ་དང་།      འཛུགས་པར་འཐད་པ་ཡིན་ན། ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་བྱེད་དུ་འཇུག་དགོས། ཁུལགྲོང་ཁྱེར་དང་ས་ཁུལ མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཞིབ་བཤེར་བྱས་པའི་བསམ་འཆར་འདོན་དགོས་པ་དང་།      འཐད་པ་ཡིན་ན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་འགོད་དུ་འཇུག་དགོས།   ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱ་དགོས།

བརྟན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་གཞན་དག་འཛུགས་པར་གྲ་སྒྲིག་བྱེད་ན་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་དགོས་ཤིང་། ཆོས་ལུགས་ཚོགས་པས་འཛུགས་ཡུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་འདུན་སྙན་ཞུ་འབུལ་དགོས།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རེ་འདུན་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཞིབ་བཤེར་བྱས་པའི་བསམ་འཆར་འདོན་དགོས་པ་དང་། འཛུགས་པར་འཐད་པ་ཡིན་ན། ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་ཆོག་མཆན་འགོད་དུ་འཇུག་དགོས། ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཞིབ་བཤེར་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱ་དགོས།

ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་རྒྱུའི་སྙན་ཞུར་ཆོག་མཆན་བཀོད་རྗེས།      ད་གཟོད་ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་པའི་གྲ་སྒྲིག་གི་ལས་ཀ་རྣམས་བསྒྲུབ་ཆོག

དོན་ཚན་བཅོ་ལྔ་བ།    ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་པར་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱས་ཚར་རྗེས།   འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་འགྲོ་ལུགས་བསྒྲུབ་ནསཆོས་ལུགས་བྱེད་སྒོ་སྤེལ་སའི་ཐོ་འགོད་འཁྲོལ་འཛིནལེན་དགོས།

དོན་ཚན་བཅུ་དྲུག་པ། ཆོག་མཆན་མ་ཐོབ་པ་དང་ཐོ་འགོད་མ་བྱས་པར་རྩ་འཛུགས་སམ་མི་སྒེར་གང་ཞིག་ཡིན་རུང་ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་མི་ཆོག

དོན་ཚན་བཅུ་བདུན་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནང་དུ་ཁང་བ་གསར་བ་ལས་པ་དང་ཁང་བ་བསྐྱར་བཞེངས་བྱེད་པ།    བཟོ་བཀོད་དམ་བརྟན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་རྒྱས་སྐྲུན་བྱེད་ཚེ། ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས།   དགོན་སྡེ་ལྷ་ཁང་རྒྱས་སྐྲུན་བྱེད་ན།  ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས།  ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁང་བ་གསར་དུ་ལས་པ་དང་བསྐྱར་བཞེངས་བྱེད་པའམ་རྒྱས་སྐྲུན་བྱེད་པའི་སྙན་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་དུ་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱ་དགོས།

ཆོས་ལུགས་བྱེད་སྒོ་སྤེལ་ས་ནས་ཚོང་ལས་ཞབས་ཕྱི་བསྒྲུབ་ས་འཛུགས་པ་དང་།       རྟེན་རྫས་འགྲེམས་སྟོན་བྱེད་པ། གློག་བརྙན་དང་བརྙན་འཕྲིན་ཕབ་སྐྲུན་བྱེད་ན།     སྔོན་ལ་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་དེ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་འཐད་པ་འབྱུང་དགོས།

གོང་གསལ་ཚན་པ་གཉིས་ཀྱི་གཏན་འབེབས་ནང་སྲིད་འཛིན་དོ་དམ་གྱི་བྱ་བ་གཞན་དག་ལ་འབྲེལ་བ་ཡོད་ན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས།      རིག་རྫས་སྲུང་སྐྱོབ་ལས་ཁུངས་ལ་གཏོགས་ན་ད་དུང་རིག་རྫས་དེ་ཉིད་ཞིབ་བཤེར་གཏན་འབེབས་དང་ཁྱབ་སྒྲོག་བྱེད་མཁན་ལས་ཁུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ས་གསར་དུ་ལས་པ་དང་བསྐྱར་བཞེངས་བྱེད་པ། རྒྱས་སྐྲུན་བྱེད་ན། གནས་དེའི་འཛུགས་སྐྲུན་འཆར་འགོད་དང་བཟོ་སྐྲུན་འཛུགས་སྐྲུན་རྒྱུ་སྤུས།     བདེ་འཇགས་ཐོན་སྐྱེད་ཀྱི་གཏན་འབེབས་བཅས་ལ་བརྩི་སྲུང་བྱ་དགོས་ཤིང་།  འཛུགས་སྐྲུན་དང་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་ལྟ་རྟོག་ལ་ཤུགས་སྣོན་དགོས།

དོན་ཚན་བཅོ་བརྒྱད་པ།     ཆོས་ལུགས་ཚོགས་པས་ཆོས་ལུགས་དེ་ཉིད་ཀྱི་དགོངས་པ་དང་ཆོས་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་སས་ཆོས་ལུགས་བྱ་འགུལ་སྤེལ་བར་མཛུབ་སྟོན་བྱ་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སའི་བར་དང་།  ཆོས་ལུགས་སོ་སོའི་བྱེད་སྒོ་སྤེལ་སའི་བར། ཆོས་ལུགས་གཅིག་གི་ཆོས་ལུགས་ཚོགས་པ་སོ་སོའི་བར་བཅས་ལ་ཁོངས་གཏོགས་ཀྱི་འབྲེལ་བ་མེད།

དོན་ཚན་བཅུ་དགུ་བ།     ཆོས་ལུགས་བྱེད་སྒོ་སྤེལ་སར་དོ་དམ་རྩ་འཛུགས་བཙུགས་ཏེ་དམངས་གཙོ་དོ་དམ་ལག་བསྟར་བྱ་དགོས།

ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་ཁོངས་མི་ནི་འབྲེལ་ཡོད་ཆོས་ལུགས་ཚོགས་པའི་མཛུབ་སྟོན་འོག     བྱེད་སྒོ་སྤེལ་ས་དེའི་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ཀྱིས་དམངས་གཙོས་གྲོས་མོལ་བྱས་པར་བརྟེན་ནས་འདེམས་ཐོན་འབྱུང་དགོས་པ་མ་ཟད།     བྱེད་སྒོ་སྤེལ་ས་དེའི་ཐོ་འགོད་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱ་དགོས།

ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་ཁོངས་མི་ནི་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་སྲུང་ཁྲིམས་བརྩི། བྱ་བ་དྲང་བཞག་ངང་བསྒྲུབ་པ། ཆོས་ལུགས་ཀྱི་ཤེས་ཡོན་དང་དོ་དམ་གྱི་ནུས་པ་ངེས་ཅན་ལྡན་པ་ཞིག་བཅས་ཡིན་དགོས།

དོན་ཚན་ཉི་ཤུ་བ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་གཤམ་གསལ་གྱི་འགན་འཁྲི་འཁུར་དགོས།

གཅིགཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ།   སྒྲིག་ཡིག སྲིད་ཇུས་སོགས་ལ་བརྩི་སྲུང་བྱེད་པ་དང་།  མེས་རྒྱལ་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ། ཆོས་ལུགས་ཀྱི་འཆམ་མཐུན་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སློབ་གསོ་གཏོང་དགོས།

གཉིསནང་ཁུལ་གྱི་དོ་དམ་ལམ་ལུགས་སྣ་ཚོགས་འཐུས་ཚང་ཞིག་འཛུགས་དགོས།

གསུམཆོས་ལུགས་བྱེད་སྒོ་དང་དུས་རྒྱུན་གྱི་བྱ་བ་བཀོད་སྒྲིག་དང་ཐག་གཅོད་བྱ་དགོས།

བཞིདམངས་གཙོས་ནོར་དོན་ལ་དོ་དམ་བྱེད་པ་དང་།    ནོར་དོན་དང་རྩིས་གཉེར་ལམ་ལུགས་ལག་བསྟར་བྱེད་པ།  རྩིས་ཐོ་ཆ་ཚང་འགོད་པ་དང་དུས་ལྟར་ཡོང་སྒོ་དང་འགྲོ་སྒོའི་གནས་ཚུལ་ཁྱབ་སྒྲོག་བྱ་དགོས།

ལྔབྱེད་སྒོ་སྤེལ་ས་དེའི་རྒྱུ་ནོར་དང་རིག་རྫས་གནའ་ཤུལ་ལ་གནོད་སྐྱོན་ཐེབས་སུ་མི་འཇུག་པར་སྲུང་སྐྱོབ་བྱ་དགོས།

དྲུགབྱེད་སྒོ་སྤེལ་ས་དེའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱ་དགོས།

དོན་ཚན་ཉེར་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་དུས་ལྟར་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཆོས་ལུགས་བྱེད་སྒོ་སྤེལ་ས་དེ་ག་དང་ཆོས་ལུགས་ལས་རིགས་མི་སྣས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཡིག སྲིད་ཇུས་བཅས་བརྩི་སྲུང་བྱས་པའི་གནས་ཚུལ་དང་།    བྱེད་སྒོ་སྤེལ་སའི་དོ་དམ་ལམ་ལུགས་ལག་བསྟར་དང་ཆོས་ལུགས་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱ་དགོས།

ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།   སྤྱི་པའི་བདེ་འཇགས་བཅས་ལ་གནོད་པ་བཟོ་ངེས་པའི་གནས་ཚུལ་ཤེས་ཚེ།    མྱུར་དུ་གནས་སའི་ཤངམི་རིགས་ཤང་དང་གྲོང་རྡལམི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་མ་ཟད།  འབྲེལ་ཡོད་སྡེ་ཁག་ལ་རམ་འདེགས་བྱས་ནས་རྩད་ཞིབ་ཐག་གཅོད་བྱ་དགོས།

དོན་ཚན་ཉེར་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་ཁྱིམ་ཐོ་དོ་དམ་གྱི་གཏན་འབེབས་བརྩི་སྲུང་བྱ་དགོས་པ་དང་།    གནས་སའི་སྤྱི་བདེ་ལས་ཁུངས་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུན་སྡོད་མི་སྣའི་ཁྱིམ་ཐོ་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།  ཆོས་ལུགས་བྱེད་སྒོ་སྤེལ་ས་ནས་གནས་སྐབས་སུ་སྡོད་དགོས་པའི་མི་སྣས་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་འཐད་པ་བྱུང་བ་བརྒྱུད།   རང་ཉིད་ཀྱི་ཐོབ་ཐང་འཁྲོལ་འཛིན་བཟུང་ནས་ཆོས་ལུགས་བྱེད་སྒོ་སྤེལ་ས་གནས་སའི་སྤྱི་བདེ་ལས་ཁུངས་ནས་སྐབས་སྡོད་འགྲོ་ལུགས་བསྒྲུབས་རྗེས་ད་གཟོད་དེར་བསྡད་ཆོག

ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུན་སྡོད་མི་སྣ་དང་སྐབས་སྡོད་མི་སྣའི་ཐོ་འགོད་ལམ་ལུགས་འཛུགས་དགོས་པ་དང་།     ཐོ་ཡིག་དུས་ལྟར་གནས་སའི་རྫོང་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ལ་སྐྱེལ་དགོས།

དོན་ཚན་ཉེར་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་སར་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱ་དགོས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སས་ཞིབ་བཤེར་དང་ལེན་བྱས་ནས་འབྲེལ་ཡོད་རྒྱུ་ཆ་ཇི་བཞིན་སྤྲོད་དགོས།

དོན་ཚན་ཉེར་བཞི་བ།   ཆོས་ལུགས་པར་སྐྲུན་ཡིག་རིགས་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱེད་ན། རྒྱལ་ཁབ་ཀྱི་པར་སྐྲུན་དོ་དམ་གྱི་གཏན་འབེབས་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས།

ཆོས་ལུགས་ཚོགས་པ་དང་ཁྲིམས་ལྟར་ཐོ་འགོད་བྱས་པའི་དགོན་སྡེ་ལྷ་ཁང་གིས་ཆོས་ལུགས་ནང་ཁུལ་གྱི་རྒྱུ་ཆའི་རིགས་པར་སྐྲུན་བྱེད་ན།    ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས་ཤིང་། ཆོག་མཆན་ཡི་གེ་བཟུང་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གི་རིག་གནས་གསར་འགྱུར་པར་སྐྲུན་སྡེ་ཁག་ཏུ་པར་སྐྲུན་བྱས་ཆོག་པའི་འགྲོ་ལུགས་བསྒྲུབས་རྗེས།     ད་གཟོད་པར་སྐྲུན་བྱས་ཆོག་པ་དང་ཆོག་མཆན་ཁྱབ་ཁོངས་ནང་དུ་འགྲེམས་སྤེལ་བྱས་ཆོག

ཆོག་མཆན་མ་ཐོབ་པར་རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཆོས་ལུགས་པར་སྐྲུན་ཡིག་རིགས་དང་ཆོས་ལུགས་དྲིལ་སྒྲོག་གི་རྒྱུ་ཆ་གཞན་དག་པར་སྐྲུན་འགྲེམས་སྤེལ་བྱས་མི་ཆོག

དོན་ཚན་ཉེར་ལྔ་བ། ཆོས་ལུགས་བྱེད་སྒོ་སྤེལ་སས་ལོ་དགུའི་འོས་འགན་སློབ་གསོའི་དུས་རིམ་གྱི་བྱིས་པ་དང་གཞོན་ནུ་ཆོས་ལུགས་ལས་རིགས་མི་སྣའི་ནང་དུ་བླངས་མི་ཆོག    དམིགས་བསལ་གནས་ཚུལ་གྱིས་ངེས་པར་དུ་ལེན་དགོས་ཚེ།      རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་ཆོག་མཆན་ཐོབ་དགོས།

ལེའུ་བཞི་བ། ཆོས་ལུགས་ལས་རིགས་མི་སྣ།

དོན་ཚན་ཉེར་དྲུག་པ། ཆོས་ལུགས་ལས་རིགས་མི་སྣ་ནི་ཆོས་ལུགས་ཚོགས་པས་ཆོས་ལུགས་དེ་གའི་ཆོས་ལུགས་ལས་རིགས་མི་སྣ་ངོས་འཛིན་བྱེད་སྲོལ་ལྟར་ངོས་འཛིན་བྱེད་དགོས་པ་དང་།    ངོས་འཛིན་བྱས་ནས་ཉིན་ཉི་ཤུའི་ནང་དུ་འབྲེལ་ཡོད་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྗེས་ད་གཟོད་ཆོས་ལུགས་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཆོག

དོན་ཚན་ཉེར་བདུན་པ།   བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ཁྲི་གསོལ་ཞུ་སྐབས། ནང་བསྟན་ཚོགས་པའི་མཛུབ་སྟོན་འོག་ཆོས་ལུགས་ཀྱི་འགྲོ་སྟངས་དང་ལོ་རྒྱུས་ཀྱི་སྒྲིག་སྲོལ་ལྟར་བསྒྲུབ་དགོས་པ་མ་ཟད།   འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་ཆོག་མཆན་དང་ཐོ་འགོད་འགྲོ་ལུགས་ཀྱང་བསྒྲུབ་དགོས།

འབྲེལ་ཡོད་ཀྱི་རྫོང་མི་དམངས་སྲིད་གཞུང་ངམ་ཡང་ན་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་མ་བཀོད་པར་རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་རང་འདོད་ལྟར་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ཁྲི་ལ་གསོལ་བའི་འབྲེལ་ཡོད་བྱེད་སྒོ་སྤེལ་མི་ཆོག

བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ཁྲི་ལ་གསོལ་བར་ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཐེ་གཏོགས་དང་ཁ་ལོ་མི་བསྒྱུར་བ་བྱ་དགོས།

དོན་ཚན་ཉེར་བརྒྱད་པ།      ངོས་འཛིན་ཐོ་འགོད་བྱས་པའི་ཆོས་ལུགས་ལས་རིགས་མི་སྣར་ངོས་འཛིན་བྱེད་མཁན་གྱི་ཆོས་ལུགས་ཚོགས་པས་ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་པར་བཟོ་བྱས་པའི་ཆོས་ལུགས་ལས་རིགས་མི་སྣའི་འཁྲོལ་འཛིན་སྟེར་དགོས།

ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་མི་སྣའི་འཁྲོལ་འཛིན་དོ་དམ་ལ་ཤུགས་སྣོན་བྱས་ནས། ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བཟོས་པ་དེ་སྔོན་ངོས་འཛིན་བྱེད་མཁན་གྱི་ཆོས་ལུགས་ཚོགས་པས་འཁྲོལ་འཛིན་ཕྱིར་ལེན་དགོས་པ་མ་ཟད།   ཐོ་འགོད་སྡེ་ཁག་གི་ཐོ་ཁོངས་ནས་སུབ་པའི་འགྲོ་ལུགས་བསྒྲུབ་དགོས།

དེ་སྔོན་ཆོས་ལུགས་ལས་རིགས་མི་སྣ་དེ་ཉིད་ངོས་འཛིན་བྱེད་མཁན་གྱི་ཆོས་ལུགས་ཚོགས་པས་ལོ་གསུམ་རེའི་ནང་དུ་ཆོས་ལུགས་ལས་རིགས་མི་སྣའི་འཁྲོལ་འཛིན་ལ་ཞིབ་བཤེར་ཐེངས་རེ་བྱ་དགོས། ཞིབ་བཤེར་མ་བྱས་པའི་འཁྲོལ་འཛིན་ལ་ཕན་ནུས་མེད།

ངོས་འཛིན་དང་ཐོ་འགོད་མ་བྱས་པ་དང་ཡང་ན་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བཟོས་པ་དང་། ཆོས་ལུགས་ལས་རིགས་མི་སྣའི་འཁྲོལ་འཛིན་བཟུང་མེད་པ་དང་དུས་ལྟར་འཁྲོལ་འཛིན་ལ་ཞིབ་བཤེར་མ་བྱས་པ་ཞིག་ཡིན་ན།      ཆོས་ལུགས་ལས་རིགས་མི་སྣའི་མིང་ཐོག་ནས་ཆོས་ལུགས་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་ཉེར་དགུ་བ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆོས་ལུགས་ལས་སྣེ་གཙོ་བོ་ལ། ནང་བསྟན་དགོན་སྡེའི་བླ་སྤྲུལ་དང་མཁན་ཁྲི།  ཏའོ་ཅའོ་ཆོས་ལུགས་དགོན་པའི་མཁན་པོ།   ཁ་ཆེའི་ཕྱག་ཁང་གི་ཆོས་དོན་གཙོ་སྐྱོང་བྱེད་མཁན་ཨ་ཧུང་དང་དབྱི་མཱ་མུ།     གནམ་བདག་ཆོས་ལུགས་ཆོས་ཁང་གི་ཆོས་འཆད་མཁན་གཙོ་བོ། ཡེ་ཤུ་ཆོས་ལུགས་ཆོས་ཁང་གི་ཆོས་འཆད་མཁན་གཙོ་བོ་དང་ཆོས་འཆད་མཁན་དང་འདྲ་བའི་ཆེད་ལས་རྒན་རབས་བཅས་ཡོད།

ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆོས་ལུགས་ལས་སྣེ་གཙོ་བོའི་འགན་བཞེས་གྲབས་ཡོད་པའམ་ཡང་ན་ངལ་གསོ་ཞུ་བའི་ཆོས་ལུགས་ལས་རིགས་མི་སྣ་ནི། བྱེད་སྒོ་སྤེལ་ས་དེ་གནས་སའི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་བའི་ཉིན་བཅུའི་ནང་དུ་ཆོས་ལུགས་བྱེད་སྒོ་སྤེལ་ས་དེའི་དོ་དམ་རྩ་འཛུགས་ཀྱིས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་སུམ་ཅུ་བ། ཆོས་ལུགས་ལས་རིགས་མི་སྣས་ཁུལགྲོང་ཁྱེར་དང་ས་ཁུལབརྒལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆོས་ལུགས་ལས་སྣེ་གཙོ་བོའི་འགན་འཁུར་ན།  ཆོས་ལུགས་ལས་རིགས་མི་སྣ་དེ་ཉིད་བསྐོ་གྲབས་ཡོད་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་གནས་སའི་ཆོས་ལུགས་དེ་གའི་ཁུལགྲོང་ཁྱེར་དང་ས་ཁུལཆོས་ལུགས་ཚོགས་པའི་བསམ་འཆར་བསྡུ་ལེན་བྱས་རྗེས། ཆོས་ལུགས་དེ་གའི་ཁུལགྲོང་ཁྱེར་དང་ས་ཁུལཆོས་ལུགས་ཚོགས་པས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

ཆོས་ལུགས་ལས་རིགས་མི་སྣས་རྫོང་བརྒལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆོས་ལུགས་ལས་སྣེ་གཙོ་བོའི་འགན་འཁུར་ན། ཆོས་ལུགས་ལས་རིགས་མི་སྣ་དེ་ཉིད་བསྐོ་གྲབས་ཡོད་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་གནས་སའི་ཆོས་ལུགས་དེ་གའི་རྫོང་ཆོས་ལུགས་ཚོགས་པའི་བསམ་འཆར་བསྡུ་ལེན་བྱས་རྗེས། ཆོས་ལུགས་དེའི་རྫོང་ཆོས་ལུགས་ཚོགས་པས་ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་སོ་གཅིག་པ། རང་ཞིང་གི་ཁྱབ་ཁོངས་ནས་ཆོས་ལུགས་ལས་རིགས་མི་སྣ་ས་ཁོངས་ལས་བརྒལ་ནས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པའམ་སློབ་གཉེར་ལ་འགྲོ་དགོས་ན། གནས་ས་དང་འགྲོ་ཡུལ་ཕྱོགས་གཉིས་ཀྱི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་རྗེས། ཕྱོགས་གཉིས་ཀྱི་གནས་སའི་རྫོང་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་སོ་གཉིས་པ།      རང་ཞིང་གི་ཆོས་ལུགས་ལས་རིགས་མི་སྣ་ཞིང་ཆེན་གཞན་པར་འགྲོ་བའམ་ཞིང་ཆེན་གཞན་པའི་ཆོས་ལུགས་ལས་རིགས་མི་སྣ་རང་ཞིང་དུ་ཡོང་ནས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པ་དང་ཡང་ན་སློབ་གཉེར་བྱེད་དགོས་ན། ཆོས་ལུགས་དེ་གའི་ཞིང་ཆེན་གྱི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་རྗེས།  ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་སོ་གསུམ་པ།     ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པ་དང་ཆོས་ལུགས་ཀྱི་ཆོ་ག་བསྒྲུབ་པ། ཆོས་གཞུང་དང་བསྟན་བཅོས་དག་སྒྲིག་བྱེད་པ། ཆོས་ལུགས་རིག་གནས་ལ་ཞིབ་འཇུག་བྱེད་པ་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།

ལེའུ་ལྔ་བ། ཆོས་ལུགས་བྱེད་སྒོ།

དོན་ཚན་སོ་བཞི་བ།  ཆོས་དད་སྤྱི་དམངས་ཀྱི་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་དེ་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནང་དུ་ཆོས་ལུགས་དེའི་ཆོ་ག་དང་ཆོས་སྲོལ་ལྟར་སྤེལ་དགོས།     ངེས་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཕྱི་རོལ་དུ་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་སྤེལ་དགོས་ཚེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་བཀོད་རྗེས། གཏན་འཁེལ་གྱི་ས་ཁོངས་ནས་སྤེལ་དགོས།

དོན་ཚན་སོ་ལྔ་བ། ཆོས་ལུགས་བྱེད་སྒོ་སྤེལ་སར་འགྲོ་བའམ་ཆོས་ལུགས་བྱེད་སྒོར་ཞུགས་མཁན་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་འབྲེལ་ཡོད་ཀྱི་གཏན་འབེབས་བརྩི་སྲུང་དང་།    ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་གོམས་སྲོལ་ལ་བརྩི་བཀུར་བྱ་དགོས། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་གནོད་པ་བྱས་མི་ཆོག་ལ། དད་མོས་མི་འདྲ་བའམ་གྲུབ་མཐའ་མི་འདྲ་བའི་བར་དུ་རྩོད་གླེང་དང་དྲིལ་སྒྲོག་བྱས་མི་ཆོག

དོན་ཚན་སོ་དྲུག་པ།        རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་རྒྱལ་ཕྱིའི་ཆོས་ལུགས་རྩ་འཛུགས་དང་མི་སྒེར་གྱི་ཆོས་ལུགས་གྲོན་དངུལ་དང་ཆོས་སྤེལ་གྲོན་དངུལ་དང་ལེན་བྱས་མི་ཆོག་པ་དང་།  རྒྱལ་ཕྱིའི་ཆོས་ལུགས་རྩ་འཛུགས་དང་མི་སྒེར་གྱིས་ཁྲིམས་དང་འགལ་བའི་ཆོས་ལུགས་བྱེད་སྒོ་སྤེལ་བར་སྟབས་བདེའི་མཐུན་རྐྱེན་བསྐྲུན་མི་ཆོག་པ་མ་ཟད། རྒྱལ་ཕྱིའི་ཆོས་ལུགས་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་ལ་མངགས་བཅོལ་དང་བཀོད་འདོམས་ཀྱང་དང་ལེན་བྱ་མི་ཆོག

དོན་ཚན་སོ་བདུན་པ།ཁུལགྲོང་ཁྱེར་དང་ས་ཁུལདང་རྫོངགྲོང་ཁྱེར་དང་ཆུསབརྒལ་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཤོང་ཚད་གཞི་ཁྱོན་ལས་འདས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ན།    གཙོ་སྒྲུབ་བྱེད་མཁན་གྱི་ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་གིས་ཆོས་ལུགས་བྱེད་སྒོ་སྤེལ་གྲབས་ཡོད་པའི་ཉིན་སུམ་ཅུའི་སྔོན་ལ།   ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་སོ་སོར་སྙན་ཞུ་འབུལ་དགོས། ཆོས་ལུགས་ལས་དོན་སྡེ་ཁག་གིས་སྙན་ཞུ་འབྱོར་ཉིན་ནས་ཉིན་བཅོ་ལྔའི་ནང་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱ་དགོས།

ཆོག་མཆན་ཐོབ་པའི་ཆོས་ལུགས་བྱེད་སྒོ་དེ་ཆོག་མཆན་ཡི་གེའི་བླང་བྱ་གཞིར་བཟུང་ནས་ཆོས་ལུགས་ཀྱི་ཆོ་ག་ལྟར་སྤེལ་དགོས་པ་ལས་སྲོལ་ཡིག་འདིའི་དོན་ཚན་གསུམ་པ་དང་དོན་ཚན་བཞི་བའི་གཏན་འབེབས་དང་འགལ་མི་ཆོག   གཙོ་སྒྲུབ་བྱེད་མཁན་གྱི་ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་དོན་རྐྱེན་མི་འབྱུང་བ་བྱ་དགོས།    ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲི་ལྟར་དོ་དམ་གང་ལེགས་བྱས་ནས་འཚུབ་བསྟུན་བྱེད་ཐབས་བཟོ་དགོས་པ་མ་ཟད། ཤངམི་རིགས་ཤང་དང་གྲོང་རྡལམི་དམངས་སྲིད་གཞུང་དང་སྲང་ལམ་དོན་སྒྲུབ་ཁང་གི་རམ་འདེགས་འོག་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབས་ནས་ཆོས་ལུགས་བྱེད་སྒོ་དེ་ཉིད་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱ་དགོས།

དོན་ཚན་སོ་བརྒྱད་པ། ཆོས་ལུགས་ཚོགས་པ་དང་དགོན་སྡེ་ལྷ་ཁང་གིས་རང་ཞིང་གི་སྲིད་འཛིན་ས་ཁོངས་ནས་དོན་ཚན་སོ་བདུན་པའི་ནང་དུ་གཏན་འབེབས་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ན། གཤམ་གྱི་ཆ་རྐྱེན་ཚང་དགོས།

གཅིགཆོས་ལུགས་ཀྱི་ཆོ་ག་དང་ཆོས་སྲོལ། གོམས་གཤིས་དང་མཐུན་དགོས།

གཉིསབྱེད་སྒོ་སྤེལ་བའི་དགོས་མཁོ་དང་ནུས་པ་དངོས་གནས་ཡོད་དགོས།

གསུམབྱེད་སྒོའི་འཆར་གཞི་ཁ་གསལ་ཞིབ་ཚགས་དང་སྤྱོད་པར་འཚམ་ལ། ཆོས་ལུགས་བྱེད་སྒོ་བདེ་འཇགས་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱ་ཐུབ་དགོས།

བཞིངེས་པར་འཛོམས་དགོས་པའི་ཆ་རྐྱེན་གཞན་དག་ལྡན་དགོས།

ལེའུ་དྲུག་པ། ཆོས་ལུགས་ཀྱི་རྒྱུ་ནོར།

དོན་ཚན་སོ་དགུ་བ།       ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར།      མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་སམ་མི་སྒེར་གྱི་རང་མོས་ཀྱི་འབུལ་བ་དང་ཞལ་འདེབས་དང་ལེན་བྱས་ཆོག ཡིན་ནའང་བཙན་སྐུལ་ལམ་ཆ་བཞག་བྱ་མི་ཆོག

དང་ལེན་བྱས་པའི་རྒྱུ་དངོས་ནི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སའི་བཀོད་སྒྲིག་ལྟར་བཀོལ་དགོས་པ་མ་ཟད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱ་དགོས།

དོན་ཚན་བཞི་བཅུ་བ།   གྲོང་ཁྱེར་གྱི་འཆར་འགོད་དང་གཙོ་གནད་བཟོ་འགོད་འཛུགས་སྐྲུན་གྱི་དགོས་མཁོའི་དབང་གིས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཁང་བ་དང་བཟོ་བཀོད་བཤིག་སྤོ་བྱེད་དགོས་ཚེ།     བཤིག་སྤོ་བྱེད་མཁན་གྱིས་ཆོས་ལུགས་ཚོགས་པའམ་ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ས་དེའི་དོ་དམ་རྩ་འཛུགས་དང་གྲོས་མོལ་བྱ་དགོས་པ་མ་ཟད།   ཁང་བ་དང་བཟོ་བཀོད་གནས་སའི་ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་ཡང་བསྡུ་ལེན་བྱ་དགོས། ཁུལགྲོང་ཁྱེར་དང་ས་ཁུལམི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་བསམ་འཆར་ཐོ་འགོད་སྙན་སེང་ཞུ་དགོས།

ཕྱོགས་སོ་སོ་གྲོས་མོལ་བྱས་ཏེ་བཤིག་སྤོ་བྱེད་པར་འཐད་པ་བྱུང་ན། བཤིག་སྤོ་བྱེད་མཁན་གྱིས་བཤིག་སྤོ་བྱ་ཡུལ་གྱི་ཁང་བ་དང་བཟོ་བཀོད་བསྐྱར་སྐྲུན་བྱ་དགོས་པའམ་ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྐྱིན་ཚབ་སྤྲོད་དགོས།

དོན་ཚན་ཞེ་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་སས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་སྤྱོད་པའི་ཁང་བ་དང་བཟོ་བཀོད། དེའི་ཁོངས་སུ་གཏོགས་པའི་ཆོས་ལུགས་ལས་རིགས་མི་སྣ་བཞུགས་སའི་ཁང་བ་བརྒྱུད་སྤྲོད་དང་། གཏའ་མར་འཇོག་པའམ་ཡང་ན་དངོས་རྫས་སུ་བརྩིས་ཏེ་གཏོང་འཇོག་བྱ་མི་ཆོག

དོན་ཚན་ཞེ་གཉིས་པ། རིག་རྫས་སྲུང་སྐྱོབ་སྡེ་ཁག་ལ་གཏོགས་པ་དང་མཛེས་ལྗོངས་གྲགས་ཅན་ཁུལ་དུ་གཏོགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་དེས།    འབྲེལ་ཡོད་བཅའ་ཁྲིམས་དང་སྲོལ་ཡིག་གི་གཏན་འབེབས་ལྟར་རིག་རྫས་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན་ལྟ་སྐུལ་དང་ལེན་བྱ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་སྐྱེད་ཚལ།   རིག་རྫས།   གནས་སྐོར་བཅས་བར་གྱི་ཁེ་ཕན་འབྲེལ་བ་མཐུན་སྦྱོར་དང་ཐག་གཅོད་བྱ་དགོས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས།

དོན་ཚན་ཞེ་གསུམ་པ།     རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཆོས་ལུགས་བྱེད་སྒོ་སྤེལ་སས་བདག་གཉེར་དང་བེད་སྤྱོད་བྱེད་པའི་རིག་རྫས་གཞན་ལ་འབུལ་བ་དང་།    བརྒྱུད་སྤྲོད།   བཙན་བཟུང་བཅས་བྱ་མི་ཆོག ཆོས་ལུགས་བྱེད་སྒོ་སྤེལ་ས་དེའི་ཕྱི་རོལ་དུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་རིག་རྫས་དངོས་གནས་བེད་སྤྱོད་བྱེད་དགོས་ན།   རིག་རྫས་ཀྱི་རིམ་པ་ལྟར་དེར་མཐུན་གྱི་མི་དམངས་སྲིད་གཞུང་གི་རིག་རྫས་སྲུང་སྐྱོབ་སྡེ་ཁག་དང་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་དགོས།

དོན་ཚན་ཞེ་བཞི་བ། མཛེས་ལྗོངས་གྲགས་ཅན་ཁུལ་དུ་གནས་པའི་ཆོས་ལུགས་བྱེད་སྒོ་སྤེལ་སས་གནས་སྐོར་ཚོང་གཉེར་བྱེད་སྒོ་སྤེལ་ན། མཛེས་ལྗོངས་ཁུལགནསགྱི་དོ་དམ་ལས་ཁུངས་ཀྱི་དོ་དམ་དང་ལེན་བྱ་དགོས་པ་དང་། དེའི་ཡོང་སྒོ་ནི་མཛེས་ལྗོངས་ཁུལགནསགྱི་སྒོ་བྱང་འཛིན་ཡིག་ཁྲོད་ནས་བསྡུར་ཚད་ངེས་ཅན་ལྟར་ལེན་དགོས།  འབྲེལ་ཡོད་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་འབྲེལ་བ་ཡོད་པའི་མཛེས་ལྗོངས་ཁུལགནསགྱི་སྒོ་བྱང་འཛིན་ཡིག་གི་རིན་གོང་གཏན་འཁེལ་ལམ་འགྱུར་བ་གཏོང་སྐབས། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་ཆོས་ལུགས་ཚོགས་པ།   ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན་དགོས་པ་དང་།    ཆོས་ལུགས་བྱེད་སྒོ་སྤེལ་སའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས།

ཆོས་དད་སྤྱི་དམངས་སུ་ཞིག་ཡིན་རུང་གནས་སྐོར་མཛེས་ལྗོངས་ཁུལགནསགྱི་ཆོས་ལུགས་དེ་གའི་བྱེད་སྒོ་སྤེལ་སར་སོང་ནས་ཐུན་མོང་གི་ཆོས་ལུགས་བྱེད་སྒོར་ཞུགས་པའམ་ཆོས་ལུགས་ཀྱི་འཚོ་བ་རོལ་བར་སྒོ་བྱང་འཛིན་ཡིག་ཉོ་མི་དགོས།

ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་ལྔ་བ།  རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་ལ་གནོད་པ་དང་།  སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་དམངས་གཙོའི་དབང་ཆར་བཙན་གནོད། སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་འགལ་རྐྱེན་བཟོ་བ།    རྒྱལ་ཁབ་ཀྱི་ཁེ་ཕན་གཞན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན།    སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱ་འགུལ་སྤེལ་ཚེ།  ནག་ཉེས་སུ་མ་གྲུབ་པའི་རིགས་ལ་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་།    ནག་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།       སྤྱི་དམངས་དང་ཁྲིམས་མིའམ་དེ་མིན་གྱི་རྩ་འཛུགས་གཞན་དག་ལ་གྱོང་གུན་བཟོས་ཚེ།       ཁྲིམས་ལྟར་སྐྱིན་ཚབ་ཀྱི་འགན་འཁུར་དགོས།

ཆོས་ལུགས་བྱེད་སྒོ་སྤེལ་བའི་གོ་རིམ་ཁྲོད་དུ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའམ་ཡང་ན་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོ་བའི་གནས་ཚུལ་བྱུང་ན།    འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་ཞེ་དྲུག་པ། སྤྱི་དམངས་ལ་བཙན་ཤེད་ཀྱིས་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པའམ་བྱེད་དུ་མི་འཇུག་པ་དང་།  ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་འགལ་རྐྱེན་བཟོ་བ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣས་རྒྱུན་ལྡན་གྱི་ཆོས་དོན་བྱེད་སྒོ་སྤེལ་བར་འགོག་རྐྱེན་བཟོ་བ་བཅས་བྱུང་ཚེ། ཆོ ས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་དགོས།    བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལྡན་ཚེ།    སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། ནག་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས་ཤིང་། གྱོང་གུན་བཟོས་ཚེ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས།

དོན་ཚན་ཞེ་བདུན་པ།    ཆོག་མཆན་མ་བཀོད་པ་དང་ཐོ་འགོད་མ་བྱས་པར་གང་འདོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ས་བཙུགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས་ཐོ་ཁོངས་ནས་སུབ་ཟིན་རུང་སྔར་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་བ་དེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་མེད་པར་བཟོ་དགོས་པ་མ་ཟད།       ཁྲིམས་འགལ་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལྡན་ཚེ། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།

དོན་ཚན་ཞེ་བརྒྱད་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སར་གཤམ་གསལ་གྱི་བྱ་སྤྱོད་རིགས་ཤིག་ཡོད་ཚེ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་པ་དང་།       ཁྲིམས་འགལ་གྱི་ཡོང་འབབ་ཡོད་ཚེ་གཞུང་བཞེས་གཏོང་དགོས།   གནས་ཚུལ་ཚབས་ཆེ་ན།  ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ནས་གསུམ་མན་གྱི་དངུལ་ཆད་བཅད་ཆོག

གཅིགཆོག་མཆན་མ་བཀོད་པར་ཆོས་ལུགས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པའམ་ཆོས་ལུགས་རིག་གཞུང་གི་ཚོགས་འདུ་བསྡུ་བ།

གཉིསགཏན་འབེབས་དང་འགལ་ཏེ་རྒྱལ་ཁབ་ཕྱི་ནང་གི་ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱེད་པ།

གསུམཆོག་མཆན་མ་བཀོད་པར་རང་ཞིང་གི་མངའ་ཁོངས་ཀྱི་ས་ཁོངས་ལས་བརྒལ་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཤོང་ཚད་གཞི་ཁྱོན་ལས་འདས་པའི་ཆོས་ལུགས་བྱེད་སྒོ་སྤེལ་བ།

དོན་ཚན་ཞེ་དགུ་བ།     གཤམ་གསལ་གྱི་བྱ་སྤྱོད་རིགས་ཤིག་ཡོད་ཚེ།     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ལྷན་དུ་བཀའ་ཕབ་ནས་བྱེད་སྒོ་མཚམས་འཇོག་ཏུ་འཇུག་དགོས་པ་དང་།      ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན་གཞུང་བཞེས་གཏོང་དགོས། གནས་ཚུལ་ཚབས་ཆེ་ན། ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ནས་གསུམ་མན་གྱི་དངུལ་ཆད་བཅད་ཆོག

གཅིགངོས་འཛིན་མ་བྱས་པའམ་ཡང་ན་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བཟོས་ཀྱང་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པ།

གཉིསཁྲིམས་འགལ་གྱི་ཆོས་ལུགས་པར་སྐྲུན་ཡིག་རིགས་དང་ཁྲིམས་འགལ་གྱི་ཆོས་ལུགས་དྲིལ་སྒྲོག་དངོས་པོ་གཞན་དག་པར་བཟོ་དང་འགྲེམས་སྤེལ། ཚོང་གཉེར་བྱེད་པ།

གསུམཆོག་མཆན་མ་བཀོད་པར་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནང་དུ་ཚོང་ལས་ཞབས་ཕྱི་གཉེར་བ་དང་རྟེན་རྫས་འགྲེམས་སྟོན་བྱེད་པ། གློག་བརྙན་དང་བརྙན་འཕྲིན་ཕབ་སྐྲུན་བྱེད་པ།

བཞིཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུ་ནོར་བཙན་བཟུང་དང་ལྐོག་ཟ་བྱེད་པ།

དོན་ཚན་ལྔ་བཅུ་བ།  ཆོས་ལུགས་ལས་རིགས་མི་སྣ་ལ་གཤམ་གསལ་གྱི་བྱ་སྤྱོད་རིགས་ཤིག་ཡོད་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་གཏོང་དགོས་པ་མ་ཟད།   འབྲེལ་ཡོད་ཆོས་ལུགས་ཚོགས་པར་མི་དེའི་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པར་བཟོ་དགོས་པའི་དགོངས་འཆར་བཏོན་ཆོག

གཅིགཆོས་ལུགས་བྱེད་སྒོ་སྤེལ་ས་མིན་པའི་གནས་སུ་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་རྩ་འཛུགས་བྱེད་པ།

གཉིསདེར་མཐུན་གྱི་ཆོས་ལུགས་ཚོགས་པ་དང་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་ས་ཁོངས་བརྒལ་ནས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པ།

དོན་ཚན་ང་གཅིག་པ།   སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་གཏན་འབེབས་དང་འགལ་བར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་ནས་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་པ་དང་། ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་བྱ་དགོས།

དོན་ཚན་ང་གཉིས་པ།     རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཆོས་ལུགས་ལས་དོན་གྱི་དོ་དམ་བྱ་བའི་ཁྲོད་དུ་ལས་འགན་སྣང་མེད་དུ་སྐྱུར་བ་དང་།  འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ས།    ཆོས་ལུགས་ལས་རིགས་མི་སྣའམ་ཆོས་དད་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན།       ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་།  ནག་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་ང་གསུམ་པ། སྲོལ་ཡིག་འདི་ལག་ལེན་བྱེད་པའི་བྱེ་བྲག་གི་གནད་དོན་ནི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་ཁུར་ནས་འགྲེལ་བཤད་བྱ་རྒྱུ།

དོན་ཚན་ང་བཞི་བ།   སྲོལ་ཡིག་འདི༢༠༠༩ལོའི་ཟླ༩པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།     ༡༩༩༢ལོའི་ཟླ༨པའི་ཚེས༢༨ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་གྲོས་འཆམ་བྱུང་བའིམཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་སྐོར་གྱི་གཏན་འབེབསདངམཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་རིགས་མི་སྣའི་དོ་དམ་སྐོར་གྱི་གཏན་འབེབསདུས་མཚུངས་སུ་རྩིས་མེད་དུ་བཏང་བ་ཡིན།

 

ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།